ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་རིས་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རིགས་ཕུན་སུམ་ཚོགས་པ་ཞིག་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

6.jpg

པར་འདི་དག་ནི་བྱ་འགུལ་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་རིག་གནས་ཁང་གི་ལས་དོན་མི་སྣས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམས་སྟོན་གྱི་འགྲེམས་འཁྲབ་བྱ་འགུལ་སྤེལ་བ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས“དེང་རབས་ཀྱི་འཚོ་བ་དང་སྦྲེལ་ནས་བཀྲག་མདངས་འཚེར་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་བཟུང་ནས་གཟུགས་འདས་ཤུལ་བཞག་རིག་གནས་དེང་རབས་ཀྱི་འཚོ་བའི་ནང་ཇི་ལྟར་འདྲེས་པར་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི“མི་དམངས་རང་བཞིན”འབུར་དུ་ཐོན་ནས་གཟུགས་འདས་ཤུལ་བཞག་རིག་གནས་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཐོགས་པ་རེད། བྱ་འགུལ་ནང་དོན་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལེ་ཚན་འགྲེམས་འཁྲབ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་འགྲེམས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་ཞིམ་ཟས་རོལ་མྱོང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས》།《ཀན་སུའུ་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲོལ་ཡིག》དྲིལ་སྒྲོག་སོགས་ལྷུ་ཚིགས་མང་པོ་ཚུད་པ་དེ་དག་གིས་དཔའ་རིས་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུགས་ཤུགས་ཕྱོགས་ཡོངས་ནས་མངོན་ཡོད།

བྱ་འགུལ་ཁྲོད། འགྲེམས་སྟོན་ནང་ཞུགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རིགས་ཕུན་སུམ་ཚོགས་པོ་ཡོད་ལ། བཟོ་རྩལ་རྩེར་སོན་པའི་བོད་རིགས་གྱོན་ཆས་ཡོད་པ་མ་ཟད། ད་དུང་བཟོ་རྩལ་ཞིབ་ཚགས་ཅན་གྱི་ཧོར་རིགས་ཀྱི་འཚེམ་དྲུབ་དང་། བཟོ་དབྱིབས་ཐུན་མོང་མ་ཡིན་པ་དང་ཚོན་མདངས་རྣམ་པར་བཀྲ་བའི་ཧོར་རིགས་ཀྱི་རྒྱན་གོས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་ཞིམ་མངར་ལྡན་པའི་ཧོར་རིགས་ཀྱི་ཆང་དང་། ད་དུང་དཔའ་རིས་ཀྱི་ལག་རྩལ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཡོད་པས། དཔའ་རིས་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། དཔའ་རིས་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་འགྲེམས་སྟོན་དང་འཁྲབ་སྟོན་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྡེ་ཁུལ་དུ་བསྐྱོད་དེ་རྒྱུན་འཛིན་པར་གསོ་སྦྱོང་བྱས་ཏེ། ལས་དོན་མི་སྣས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་དྲིལ་སྒྲོག་དང་སྔོག་འདོན་བྱ་འགུལ་སྤེལ་ནས་རྫོང་དེའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། གཟུགས་འདས་ཤུལ་བཞག་རིག་གནས་ཕུལ་བྱུང་གི་རིག་གནས་དར་སྤེལ་ཐུབ་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་རམ་འདེགས་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཞུགས་ཤིང་སྲུང་སྐྱོབ། རྒྱུན་འཛིན་བཅས་བྱེད་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།