ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དུ་རིམ་པ་གསུམ་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་རྫོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཐེན་ཅིན་གྲོང་ཁྱེར་མཉམ་ལས་སྤེལ་རེས་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རྩའི་སྨན་བཅོས་ཀྱི་ཞན་ཆར་དམིགས་ནས། ཐེན་ཅིན་གྲོང་ཁྱེར་གྱིས“སྨན་ཁང་གིས་ཁོའོ་འགན་གཙང་ལེན་བྱེད་པའི”སྨན་ཁང་ལ་རོགས་སྐྱོར་དང་། “ཁ་ཕྱོགས་གཏན་འཁེལ་རྣམ་པའི”ཤེས་ལྡན་མི་སྣ་གསོ་སྐྱོང་། “ཁྱོན་ཡོངས་ལ་ཁྱབ་པའི”ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་རྣམ་པ་བརྒྱུད། བོད་འབྲེལ་ཁུལ་རྫོང་སོ་སོའི་སྨན་བཅོས་ཞབས་ཞུའི་ནུས་པ་དང་བདེ་ཐང་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་རེད། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དེ་རིམ་པ་གསུམ་པའི་ཁ་པ་ཕྱོགས་བསྡུས་སྨན་ཁང་གི་རིམ་པ་རུ་སྤར་ནས་ཀན་ལྷོ་ཁུལ་དུ་རིམ་པ་གསུམ་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་སྒྲིལ་པ་རེད།

ཤེས་གསལ་ལྟར་ན། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ནི1957ལོའི་ཟླ10པར་བཙུགས་པ་དང་། ཀན་ལྷོ་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཕྱོགས་བསྡུས་སྨན་ཁང་ཁོ་ན་ཡིན་པས། དེས་ཀན་ལྷོ་ཁུལ་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་དང་བདེ་སྲུང་། མྱུར་སྐྱོབ། སློབ་ཁྲིད། ཚན་ཞིབ། སྔོན་འགོག་སོགས་ཀྱི་ལས་འགན་འཁུར་གྱིན་ཡོད། དེ་བཞིན་ཀན་ལྷོ་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ལ་ཟབ་སྦྱོང་དང་སློབ་སྦྱོང་། ལག་རྩལ་གསོ་སྦྱོང་བཅས་ཀྱི་འགན་ཁུར་པ་རེད།

ཀྲུང་དབྱང་ཤར་ནུབ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། 2018ལོ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པའི་ཆེད་དོན་འཆར་འགོད་བཟོས་པ་དང་། ཐེན་ཅིན་གསོ་རིག་ཚན་རིག་སློབ་ཆེན་སྤྱི་ཁྱབ་སྨན་ཁང་སོགས་ཐེན་ཅིན་ཀ་པ་རིམ་པ་གསུམ་པའི་སྨན་ཁང10སྒྲིག་འཛུགས་བྱས་ནས། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཆེད་ལས་བཅུ་དགུ་ལ་རོགས་སྐྱོར་དང་མཛུབ་ཁྲིད་བྱས།

ལོ་བཞི་ཡི་རིང་ལ་བསྡོམས་པས་སྨན་བཅོས་ཆེད་མཁས་པ་སྐོར8དང་མི་ཐེངས153བཏང་ནས། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ལ་ལག་རྩལ་གསར་བ40ལྷག་དང་རྣམ་གྲངས་གསར་བ70ལྷག་ནང་འདྲེན་བྱེད་རོགས་བྱས་ཡོད་ལ། ཚན་ཁག17ལ་དགོས་མཁོ་ཆེ་བའི་སྨན་བཅོས་སྒྲིག་ཆས་རིགས51དང་ སྨན་བཅོས་སྒྲིག་ཆས76ཉོས་པ་མ་ཟད། ཀན་ལྷོ་ཁུལ་གྱི་དབང་རྩའི་ཚན་ཁག་དང་སྙིང་གི་ནད་གཞི་ཚབས་ཆེན་ལྟ་སྐྱོང་ནད་ཁང་ཐོག་མ་སོགས་གསར་སྐྲུན་བྱས་པ་རེད། གཞན་ཡང་། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ལ་རོགས་སྐྱོར་མ་བྱས་གོང་གི“ནད་པ་ཉུང་བ་ནས”རོགས་སྐྱོར་བྱས་རྗེས་ཀྱི“མལ་ཁྲི་མེད་པ”ལ་འགྱུར་ལྡོག་བྱུང་བ་རེད། ཀན་ལྷོ་ཁུལ་མང་ཚོགས་ས་ཁོངས་ཕྱི་རོལ་དུ་སྨན་བཅོས་གཞན་སྒྱུར་བྱེད་ཚད་དེ2018ལོ་མགོའི58%ནས10%ཡས་མས་བར་ཇེ་ཉུང་དུ་ཕྱིན་པ་རེད།

དུས་ཡུན་རིང་པོའི་ནང་ཀན་ལྷོ་ཁུལ་གྱི་སྨན་བཅོས་ཤེས་ལྡན་པ་ཧ་ཅང་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ཐེན་ཅིན་གྲོང་ཁྱེར་གྱིས2013ལོ་ནས་བཟུང་བོད་འབྲེལ་ཁུལ་དང་རྫོང་བཅས་ཀྱི་གནས་གཏན་འཁེལ་གྱི་གསོ་རིག་དངོས་གཞིའི་ཚན་ཁག་གི་སློབ་མར་རིན་མི་དགོས་པར་གསོ་སྐྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་དང་། ཆེད་ཚན་སློབ་གླིང3གྱིས་ནད་ཐོག་གསོ་རིག་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ། དམིགས་བསལ་ནད་གཡོག་སོགས་ཆེད་ལས་ཀྱི་གསོ་རིག་དངོས་གཞིའི་ཚན་ཁག་གི་སློབ་མ483གསོ་སྦྱོང་བྱས་པའི་ནང་མི322ཀན་ལྷོ་ཁུལ་གྱི་གཞི་རིམ་སྨན་ཁང་དུ་ལས་ཞུགས་ཐུབ་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།