ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ཀན་སུའུ་ཞིང་ཆེན་གྱིས་ནགས་ཚལ་མུའུ་ཁྲི343སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ཀན་སུའུ་ཞིང་ཆེན་གྱིས་ནགས་ཚལ་མུའུ་ཁྲི343སྐྲུན་པ་དང་། མིའི་ཐབས་ཀྱིས་རྩྭ་མུའུ་ཁྲི203བཏབ་སྟེ། རྩྭ་ཐང་མུའུ་ཁྲི208ལེགས་བཅོས་བྱས། བྱེ་འགྱུར་ས་ཞིང་མུའུ་ཁྲི212ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། སོ་སོར་ལོ་འཁོར་གྱི་དམིགས་འབེན་ལས་བརྒལ་ཡོད། ད་ལོའི་ཟླ3པའི་ཟླ་མཇུག་བར་དུ། ནགས་ཚལ་མུའུ་ཁྲི28.73སྐྲུན་པ་རེད། 

ཀན་སུའུ་ནི་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དུ་གནས་ཤིང་། ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་། ནག་སོག་མཐོ་སྒང་བཅས་མཐོ་སྒང་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། ཞིང་ཆེན་ཡོངས་ལ་ནགས་ཞིང་རྒྱ་ཁྱོན་མུའུ་ཁྲི1.19ཡོད་པ་དང་། ནགས་ཚལ་ཁྱབ་ཚད11.33%ལ་སླེབས། རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར2.15ཡོད་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད53.02%ལ་སླེབས། བརླན་སའི་གཞི་ཁྱོན་མུའུ་དུང་ཕྱུར0.18ཡོད།

ཀན་སུའུ་ཡིས་ན་ནིང་ནགས་རྩྭའི་རྣམ་གྲངས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར62.62དངོས་འབེབས་བྱས་ཏེ། ས་གནས་སོ་སོས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་རྣམ་གྲངས38སྙན་ཞུ་བྱེད་པར་རྩ་འཛུགས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།