ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་མི་འབོར་ཁྲི30ཡན་གྱི་རྫོང་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱིས་དུས་རིམ་གཉིས་རིང་གི་དམིགས་བསལ་སློབ་གསོའི་མཐོར་འདེགས་འཆར་གཞི་བསྟུད་མར་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་མི་འབོར་ཁྲི30ཡན་གྱི་རྫོང(ཆུས)ལ་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཉེ་བའི་ལོ་འགའི་རིང་ལ། ཀན་སུའུ་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པས་འདྲ་མཉམ་དང་སྤུས་ཚད་ལེགས་པའི་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་པ་རེད། མིག་སྔར། གྲོང་ཁྱེར་དང་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ14ལ་བརྟེན་ནས་གྲོང་ཁྱེར་དང་ཁུལ་གྱི་དམིགས་བསལ་སློབ་གསོའི་མཛུབ་སྟོན་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། རྫོང་དང་ཆུས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་སློབ་ཞུགས་མི་གྲངས་ཅུང་མང་བའི་སློབ་གྲྭ་འབྲིང་ཆུང་དཀྱུས་མར་བརྟེན་ནས། རྫོང་དང་གྲོང་ཁྱེར། ཆུས86ནས་དབང་བོ་སྐྱོན་ཅན་གྱི་བྱིས་པས་འཛིན་གྲྭའི་ནང་དུ་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཐོན་ཁུངས་ལྟེ་གནས་བཙུགས་ཡོད་པས། དམིགས་བསལ་སློབ་གསོའི་ཆེད་ལས་མཛུབ་སྟོན་ལས་ཁུངས་དེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། དེ་དང་ཆབས་ཅིག སློབ་གྲྭ་འབྲིང་ཆུང་དཀྱུས་མའི་སློབ་སྦྱོང་ཐོན་ཁུངས་ཀྱི་སློབ་ཁང་འཛུགས་སྐྲུན་དང་གེགས་མེད་སྒྲིག་ཆས་བསྒྱུར་བཀོད་བྱ་བར་ཤུགས་བསྣན་ཏེ། དམིགས་བསལ་སློབ་གསོའི་སྲིད་ཇུས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་བ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ཆུ་ཚད་སྲ་བརྟན་དུ་བཏང་བ་དང་མཐོར་འདེགས་བྱུང་། མིག་སྔར། སློབ་གྲྭ་དཀྱུས་མའི་འཛིན་གྲྭའི་སློབ་སྦྱོང་གཙོ་གཞི་རུ་བྱས་ཤིང་། དམིགས་བསལ་སློབ་གསོའི་སློབ་གྲྭ་རུ་སློབ་སྦྱོང་བྱེད་པ་གཙོ་རྐང་དུ་བྱེད་པ། སློབ་གསོ་སྒོ་ཁར་སྐྱེལ་བར་ཁ་གསབ་བྱས་པའི་དམིགས་བསལ་སློབ་གསོའི་སློབ་གཉེར་མ་ལག་ཕལ་ཆེར་གྲུབ་ཡོད། 2020ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ན་གཞོན་འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད96.81%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།