ཀྲུང་གོ་བོད་ཀྱི་དྲ་བ།

ཚེས17ཉིན་གྱི་ཀན་སུའུ་ཡི་རིམས་ནད་གནས་ཚུལ།

    སྤེལ་དུས། : 2022-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན་གྱི་ཆུ་ཚོད0ནས24བར་གྱི་ཀན་སུའུ་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

རང་ས་གནས་ཀྱི་རིམས་ནད་གནས་ཚུལ། 

ཟླ3པའི་ཚེས17ཉིན་གྱི་ཆུ་ཚོད0ནས24བར། ཀན་སུའུ་ཞིང་ཆེན་དུ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ16ཇེ་མང་དུ་ཕྱིན།(ལན་ཀྲུའུ་གྲོང་ཁྱེར་ཆི་ལི་ཧོ་ཆུས་སུ་ནད་དཔེ5(ནད་དཔེ1ནི་ནད་རྟགས་མེད་པའི་ནད་དཔེ་ནད་རྟགས་གཏན་ཁེལ་བྱུང་བ་ཞིག་ཡིན)ཁྲེན་ཀན་ཆུས་སུ་ནད་པེ4། ཞི་ཀུའུ་ཆུས་སུ་ནད་དཔེ2། ཡུས་ཀྲུང་རྫོང་དུ་ནད་དཔེ1། ཡུང་ཏེང་རྫོང་དུ་ནད་དཔེ2། ཨན་ནིང་ཆུས་སུ་ནད་དཔེ1། ལན་ཀྲུའུ་ཁུལ་གསར་དུ་ནད་དཔེ1) 

ནད་རྟགས་མེད་པའི་ནད་དཔེ10ཇེ་མང་དུ་ཕྱིན།(ལན་ཀྲུའུ་གྲོང་ཁྱེར་ཁྲེན་ཀོན་ཆུས་སུ་ནད་དཔེ3། ཆི་ལི་ཧོ་ཆུས་སུ་ནད་དཔེ1། ཡུང་ཏེང་རྫོང་དུ་ནད་དཔེ1། ཨན་ནིང་ཆུས་སུ་ནད་དཔེ3། ཞི་ཀུའུ་ཆུས་སུ་ནད་དཔེ2

རིམ་རྩིས་བྱས་ན། 

ཟླ3པའི་ཚེས17ཉིན་གྱི་ཆུ་ཚོད24བར། ད་ཐེངས་ཀྱི་རིམས་ནད་ལ་རིམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ175དང་། ནད་རྟགས་མེད་པའི་ནད་དཔེ155། རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་པ10ཡོད། ད་ལྟ་ནད་རྟགས་གཏན་འཁེལ་བྱུང་པའི་ནད་དཔེ165དང་། ནད་རྟགས་མེད་པའི་ནད་དཔེ155ཡོད་པ་ཚང་མ་གནས་འཁེལ་སྨན་བཅོས་སྒྲིག་གཞིར་ལོགས་དབྱེ་བྱས་ཏེ་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་སྒང་ཡིན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།