ཀྲུང་གོ་བོད་ཀྱི་དྲ་བ།

ཚེས14ཉིན་གྱི་ཀན་སུའུ་ཡི་རིམས་ནད་གནས་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས14ཉིན་གྱི་ཆུ་ཚོད0ནས24བར་གྱི་ཀན་སུའུ་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

རང་ས་གནས་ཀྱི་རིམས་ནད་གནས་ཚུལ། 

ཟླ3པའི་ཚེས14ཉིན་གྱི་ཆུ་ཚོད0ནས24བར། ཀན་སུའུ་ཞིང་ཆེན་དུ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ7ཇེ་མང་དུ་ཕྱིན།(ལན་ཀྲུའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ནད་དཔེ1དང་ཧུང་ཀུའུ་ཆུས་སུ་ནད་དཔེ1། ཚང་མ་ནད་རྟགས་མེད་པའི་ནད་དཔེ་ནད་རྟགས་གཏན་ཁེལ་བྱུང་བའི་ནད་དཔེ་རེད། ལན་ཀྲུའུ་ཁུལ་གསར་དུ་ནད་དཔེ4། པའེ་དབྱིན་གྲོང་ཁྱེར་ཅིང་ཐའེ་རྫོང་དུ་ནད་དཔེ1) ནད་རྟགས་མེད་པའི་ནད་དཔེ20ཇེ་མང་དུ་ཕྱིན།(ལན་ཀྲུའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ནད་དཔེ8དང་། ཆི་ལི་ཧོ་ཆུས་སུ་ནད་དཔེ3། ཡུས་ཀྲུང་རྫོང་དུ་ནད་དཔེ1། པའེ་དབྱིན་གྲོང་ཁྱེར་ཅིང་ཐའེ་རྫོང་དུ་ནད་དཔེ6། ལན་ཀྲུའུ་ཁུལ་གསར་དུ་ནད་དཔེ2) སྨན་ཁང་ནས་བུད་པའི་ནད་པ2(ལན་ཀྲུའུ་ཁུལ་གསར)བཅས་ཡོད།

རིམ་རྩིས་བྱས་ན། 

ཟླ3པའི་ཚེས14ཉིན་གྱི་ཆུ་ཚོད24བར། ད་ཐེངས་ཀྱི་རིམས་ནད་ལ་རིམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ142དང་། ནད་རྟགས་མེད་པའི་ནད་དཔེ123། རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་པ2ཡོད། ད་ལྟ་ནད་རྟགས་གཏན་འཁེལ་བྱུང་པའི་ནད་དཔེ140དང་། ནད་རྟགས་མེད་པའི་ནད་དཔེ123ཡོད་པ་ཚང་མ་གནས་འཁེལ་སྨན་བཅོས་སྒྲིག་གཞིར་ལོགས་དབྱེ་བྱས་ཏེ་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་སྒང་ཡིན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།