ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ཐད་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཀན་ལྷོ་ནི་རྨ་ཆུ་དང་འབྲི་ཆུ་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་གཙོ་གཞིའི་རྩོལ་ནུས་ཁུལ་དུ་ཚུད་ཡོད། ཀན་ལྷོ་ཁུལ་དུ97%ཡན་ནི་རྒྱལ་ཁོངས་གསར་སྤེལ་བཀག་སྡོམ་ཁུལ་དང་གསར་སྤེལ་བྱས་མི་ཆོག་པའི་སའི་ཁོངས་གཏོགས་ཡིན། ཀན་ལྷོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱིས་རྨ་ཆུ་དང་འབྲི་ཆུ་འབབ་རྒྱུད་ཆུ་ཁུངས་གསོ་སྐྱོང་དང་། གནམ་གཤིས་མཐུན་སྦྱོར། ས་ཆུ་ནུས་པ་རྒྱུན་འཁྱོངས། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས། རྨ་ཆུ་དང་འབྲི་ཆུ་དབུས་སྨད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས། འབབ་རྒྱུད་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་བརླིང་སྒོས་འཕེལ་རྒྱས་ཡོང་བར་འགན་ལེན་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་ཞི་ཅིང་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དེ་ཁུལ་སྐྱོང་བའི་རྨང་གཞི་དང་ལྗང་མདོག་འཕེལ་རྒྱས་དེ་གཞི་རྩའི་ལས་འགན་དུ་བཟུང་ནས། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས། སྲུང་སྐྱོང་གཙིགས་འཛིན་དང་བཅོས་སྐྱོང་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་དངོས་པོའི་དཔལ་ཡོན་དངབསམ་པའི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ལྗང་མདོག་གི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་གཏེར་རི་གཅིག་ཀྱང་གསར་སྤེལ་བྱས་མེད་པ་མ་ཟད། རྡོ་སོལ་ཁྲོ་ཐབ་བསྒྱུར་བཀོད་སོགས་ཀྱི་གཙོ་གནད་འགན་ཁུར་ཞིབ་ཐོ་ལག་བསྟར་བྱས་པ་བརྒྱུད། རྡོ་སོལ་གྱི་ཁྲོ་ཐབ322ཡོངས་སུ་དོར་ཏེ། གོ་རིམ་ལྡན་པའི་ངང་བཙོག་འབུད་མདོ་ཁའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་བཙོག་འབུད་མདོ་ཁའི་དོ་དམ་ཞིབ་ཐོ623འཛུགས་སྐྲུན་ལག་བསྟར་བྱས་པ་མ་ཟད། “ཁྲིམས་ལྟར་མེད་པར་བཟོ་བ་དང་། བཙོག་འགོག་དོ་དམ། ཚད་ལྡན་འཛུགས་སྐྲུན”སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་བཙོག་འབུད་མདོ་ཁ318ཀྱི་ཕྱོགས་བསྡོམས་བཅོས་སྐྱོང་འགན་ཁུར་ལེགས་འགྲུབ་བྱུང་བ་རེད།

2021ལོར། ཀན་ལྷོ་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི2000སྣེ་ལེན་བྱས་ཏེ། ཡུལ་སྐོར་ཕྱོགས་བསྡོམས་ཡོང་འབབ་སྒོར་དུང་ཕྱུར100ལས་བརྒལ་ནས་ལོ5ལ་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད། 

2015ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་ཁོར་ཡུག་གསར་བརྗེ་དེ་གཙོ་བོར་བཟུང་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་གསར་བརྗེ་ཆེན་མོར་སྐུལ་འདེད་བྱས་ཏེ། ཀན་ལྷོ་ཁུལ་ཡོངས་སུ“སྲིད་ཇུས་ཐོག་འབྲེལ་ཐག་ཚང་བ་དང་། གཙོ་གཞི་ཐོག་ཡོངས་སུ་ཞུགས་པ། བར་སྟོང་ནང་ཡོངས་སུ་ཁྱབ་པ། དུས་ཚོད་སྟེང་ཉིན་ཧྲིལ་བོ་ཡིན་པ། དཔྱད་ཞིབ་ཐོག་གོ་རིམ་ལྡན་པ”བཅས་ཀྱི་ཁོར་ཡུག་གསར་བརྗེ་ལ་བརྟེན་ནས། སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡི་ཁོངས་ཡོངས་གད་སྙིགས་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་། “ཁོར་ཡུག་གསར་བརྗེ”ཡིས་ལྗང་མདོག་ཀན་ལྷོ་བསྐྲུན་པ་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དུས་ཡུན་རིང་བོའི་མི་ཕྱུགས་མཉམ་གནས་ཀྱི་ཐོན་སྐྱེད་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བཏང་ནས། ཀན་ལྷོའི་ཚོགས་སྤྱིའི་རྣམ་པ་དང་ཉམས་འགྱུར་གོ་དོན་མཐོར་འདེགས་བཏང་ཞིང་། ཀན་ལྷོ་དེ “དཔལ་འབྱོར་རྗེས་ལུས་པ”ནས“སྐྱེ་ཁམས་སྣེ་ཁྲིད་པ”རུ་བསྒྱུར་བ་རེད།

2021ལོའི་ལོ་སྟོད་དུ། ཀན་ལྷོ་ཡིས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་། ཁོངས་ཡོངས་སུ་རྫས་ལུད་མེད་པ། ཁོངས་ཡོངས་སུ་སྤོས་འགྱིག་མེད་པ། ཁོངས་ཡོངས་སུ་འབག་བཙོག་མེད་པ། ཁོངས་ཡོངས་སུ་སྤྱི་གནོད་མེད་པའི“ལྔ་མེད་ཀན་ལྷོ”གསར་འཛུགས་འགུལ་སྐྱོད་སྤེལ་ཏེ། རྒྱུན་མཐུད་ངང“ཁོར་ཡུག་གསར་བརྗེའི”ཟོང་རྟགས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ། འཕེལ་རྒྱས་གསར་བའི་འདུ་ཤེས་གཏིང་ཟབ་པའི་ངང་མིའི་སེམས་སུ་ཟུག་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རིམ་འཕར་གྱི་གོམ་སྟབས་བརྟན་པོ་སྤོས་པ་རེད།

ཀན་ལྷོ་ཁུལ་གྱི་རྩྭ་ཐང་སྤང་ཤུན་ཁེབས་ཚད2010ལོའི92%ནས97%ལ་འཕར་བ་དང་། ནགས་ཚལ་ཁེབས་ཚད2010ལོའི23.33%ནས24.57%ལ་འཕར་ཞིང་། བྱེ་འགྱུར་རྩྭ་ཐང་གི་རྒྱ་ཁྱོན2015ལོའི་ས་མུའུ་ཁྲི80ནས་མུའུ་ཁྲི63.12མར་ཆག་པ་དང་། འབྲིང་རིམ་ཡན་གྱི་ཞན་འགྱུར་རྩྭ་ཐང2015ལོའི་ས་མུའུ་ཁྲི2486ནས་མུའུ་ཁྲི1868མར་ཆག་ཡོད། གཞན་ཡང་། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ཐེབས་པའི་རྒྱ་ཁྱོན2015ལོའི་ས་མུའུ་ཁྲི847ནས་མུའུ་ཁྲི605ལ་ཆག་པས་སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ནས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་རྨོ་བསྐྱུར་ནགས་སྐྱོང་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། བརླན་ས་སླར་གསོ། ས་ཆུ་རྒྱུན་འཁྱོངས་སོགས་ཀྱི་གཙོ་གནད་སྐྱེ་ཁམས་ལས་གཞི་རྣམ་གྲངས་གསར་བ་སྐོར་ཞིག་བཟུང་ནས། ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་སྐུལ་འདེད་བཏང་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། ཕྱུགས་བསྐྱུར་རྩྭ་གསོ། རྨོ་བསྐྱུར་ནགས་སྐྱོང་། རྩྭ་ཐང་སྐྱེ་ཁམས་མ་ལག་སླར་གསོ། སྐྱེ་ཁམས་སྤྱི་ཕན་ནགས་ར་འཛུགས་སྐྲུན། བརླན་ས་སྲུང་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཀན་ལྷོའི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་ཁོར་ཡུག་ཉམས་འགྱུར་གྱི་རྣམ་པ་ལ་བཀག་འགོག་ཐེབས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།