ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས2022ལོའི་འཕེལ་རྒྱས་བཅོས་བསྒྱུར་བྱ་བའི་གཙོ་གནད་ལས་འགན་གཏན་ཁེལ་གསལ་བོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ12པའི་ཚེས29ཉིན་བསྡུས་པའི་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་བྱ་བའི་ཚོགས་འདུའི་སྟེང་། 2022ལོའི་འཕེལ་རྒྱས་བཅོས་བསྒྱུར་བྱ་བའི་གཙོ་གནད་ལས་འགན་གཏན་ཁེལ་གསལ་བོ་བྱས།

2022ལོར་ཀན་སུའུ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་ལ་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་འབྲུ་རིགས་བདེ་འཇགས་དང་འདོན་སྤྲོད་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བར་ཤུགས་སྣོན་བྱས་པ་བརྒྱུད། ཉེན་ཁ་ཆེན་པོ་སྔོན་འགོག་དང་ཐག་གཅོད་བྱེད་པའི་བྱ་བར་དམ་འཛིན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་ཁོངས་སུ་རྒྱུན་འཁྱོངས་ཐུབ་པར་འབད་བརྩོན་བྱེད་དགོས། དངུལ་གཏོང་དམ་འཛིན་དང་འཛད་སྤྱོད་བྱ་བར་སྐུལ་འདེད་བཏང་ནས། རྣམ་གྲངས་འཆར་འགོད་གསོག་འཇོག་བྱ་བར་ཤུགས་སྣོན་དང་། ཕན་འབྲས་ལྡན་པའི་དངུལ་གཏོང་རྒྱུན་མཐུད་ངང་རྒྱ་སྐྱེད་དེ། གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ལ་འདེགས་སྐྱོར་བྱེད་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་བསྒྱུར་བཀོད་རིམ་སྤར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ལྗང་མདོག་སྐྱེ་ཁམས་ཐོན་ལས་ལ་གོ་རིམ་ལྡན་པར་སྐུལ་འདེད་བྱེད་པ་དང་། གསར་དར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ལས་སྒྲིག་གཞིའི་འགྲན་རྩོད་ལེགས་ཆ་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས།

དེ་དང་ཆབས་ཅིག ལྗང་མདོག་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། སྲོལ་རྒྱུན་ནུས་ཁུངས་ལྗང་མདོག་དང་ཕན་འབྲས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ནུས་ཁུངས་འགྲོད་ལམ་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཁོངས་ཁྱབ་ཁོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་སྟོབས་ཆེན་དུ་བཏང་ནས། ནུས་ཁུངས་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་གནས་བབ་གསར་བ་འཛུགས་སྐྲུན་བྱེད་དགོས། མཁར་གྲོང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། གྲོང་རྡལ་ཅན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བར་སྐུལ་འདེད་བཏང་ནས། ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། ཕྱི་ཕྱོགས་སྒོ་འབྱེད་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། ཚོང་རའི་སྒུལ་ནུས་དང་གསོན་ཤུགས་རྒྱུན་མཐུད་ངང་གསར་སྤེལ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།