ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀན་ལྷོ་ཁུལ་གྱིས་རྣམ་གྲངས34ཁྱབ་གདལ་དུ་བཏང་ནས་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ཚུན་དུ“རྨ་ཆུའི་ཆུ་མཛོད”ཅེས་འབོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལུག་ཁྲི196ཇེ་ཉུང་དུ་བཏང་ནས་རྩྭ་ཕྱུགས་དོ་སྙོམས་ཡོང་བར་མངོན་འགྱུར་བྱུང་བས། རང་བྱུང་རྩྭ་ཐང་གི་རྩྭ་ཡི་ཐོན་ཚད་དང་རྩྭ་ཚོགས་ཀྱི་མཐོ་ཚད་དེ་ལོ་བཅུའི་རིང་གི་མཐོ་ཤོས་སུ་སླེབས་པ་དང་། བརླན་སའི་རྒྱ་ཁྱོན2004ལོ་དང་བསྡུར་ན་ལྡབ2.8ཆེ་རུ་ཕྱིན་ནས་བརླན་སའི་རྒྱ་ཁྱོན་མུའུ་ཁྲི730ཟིན་པ། རྨ་ཆུའི་ཆུ་འབོར་གསབ་ཚད་ཆེས་ཆེར་འཕར་ནས་རྒྱལ་མཚམས་ནས་ཕྱིར་གཏོང་བྱེད་ཚད31%ལ་སླེབས་པ་རེད།

4.jpg

ཀན་ལྷོ་ཁུལ་གྱི་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཚེས17ཉིན་ལན་ཀྲོའུ་རུ་འཚོགས་ཤིང་། ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཙུའོ་ལུང་གིས། ཀན་ལྷོ་ཁུལ་གྱིས་ད་ལོ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས34རེ་ཞུ་བྱས་པར་མ་དངུལ་སྒོར་དུང་ཕྱུར9ལྷག་བཏང་སྟེ་རྨ་ཆུའི་ཆུ་ཁུངས་གསོག་ཉར་ཁུལ་དང་། ཀླུ་ཆུའི་མཚོ་ཉིན། རྨ་ཆུའི་བརླན་ས་དང་པོ་སོགས་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་སྐོར་ཞིག་དང་། དེ་བཞིན་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་འདོར་རྩྭ་གསོ། ས་ཆུ་སྲུང་འཛིན་སོགས་གཙོ་གནད་སྐྱེ་ཁམས་རྣམ་གྲངས་ལག་བསྟར་བྱས་ཡོད་ཅེས་བསྟན།

5.jpg

ཀན་ལྷོ་ནི་རྨ་ཆུ་ཀན་སུའུ་རུ་བརྒྱུད་པའི“ས་ཚིགས་དང་པོ”ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོག་ཉར་ཁུལ་དང་ཁ་གསབ་ཁུལ་ཡིན་ཞིང་། སྤྱི་ཡོངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་ནང་བཅུག་པ་དང90%ཡན་གྱི་ས་ཁོངས་ནི་གསར་སྤེལ་ཚོད་འཛིན་ཁུལ་དང་གསར་སྤེལ་བཀག་འགོག་ཁུལ་གྱི་ཁོངས་སུ་གཏོགས་པས“རྨ་ཆུའི་ཆུ་མཛོད”དང“ཀྲུང་ཧྭའི་ཆུ་ལྕོག”བཅས་པའི་མཚན་སྙན་ལྡན་པ་རེད།

6.jpg

རྨང་གཞི་དེའི་ཐོག་ཀན་ལྷོ་ཡིས《ཀན་ལྷོ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》རྩོམ་སྒྲིག་པར་འགྲེམས་བྱས་པ་དང་ཆབས་ཅིག་ཏུ་འཆར་འགོད་རྣམ་གྲངས་མཛོད་བཙུགས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1287བཏང་བའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིགས་ཆེན་པོ་གཉིས་དང་ཕྱོགས11གི་གཙོ་གནད་རྣམ་གྲངས78མཛོད་དུ་བཅུག་ནས་རིམ་གྱིས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

རྒྱལ་ཁབ་དང་ཞིང་ཆེན་གྱི་རྒྱབ་སྐྱོར་ཆེན་པོའི་འོག་ཀན་ལྷོ་ཁུལ་གྱིས་འབྱུང་རྩ་ནས་བཅོས་སྒྲིག་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་པ་བརྒྱུད་ས་ཁོངས་ནང་ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་། ཆུ་ཁུངས་གསོག་ཉར་ནུས་བ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པས། ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་བ་སྔར་བས་སྲ་བརྟན་དུ་གྱུར་ཡོད།

3.jpg

ཀན་ལྷོ་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔ་དང་ནགས་ཁུལ་ཆེ་གྲས་དགུའི་གྲས་ཤིག་ཡིན་པ་མ་ཟད། ཀན་སུའུ་ཞིང་ཆེན་གྱི་རང་བྱུང་ནགས་ཁུལ་ཆེ་ཤོས་ཀྱང་ཡིན། གཞན་ཡང་ཀན་ལྷོ་ཡིས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་མང་ཚོགས་ཀྱི་སྐྱེ་ཁམས་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་བཙུགས་ནས། ས་གནས་མང་ཚོགས་ཀྱིས་རང་གི་ས་ཆ་ནས་རྩྭ་སྲུང་དང་ནགས་སྲུང་སོགས་ཀྱི་ལས་དོན་གཉེར་ནས། སྐྱེ་ཁམས་སྲུང་སྐྱོང་གི་སྤུས་ཚད་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དུས་གཅིག་ཏུ་མཐོ་རུ་བཏང་ནས་སྲིད་གཞུང་སྡེ་ཚན་གཙོ་བོར་བྱེད་པ་དང་མང་ཚོགས་མཉམ་དུ་ཞུགས་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་རྣམ་པ་གསར་བ་ཞིག་གྲུབ་པ་རེད།

བསྡོམས་རྩིས་ལྟར་ན། 2021ལོར་ཀན་ལྷོ་ཡིས་ནགས་ཚལ་དང་རྩྭ་ཐང་། སྐྱེ་ཁམས་དབུལ་སྐྱོར་སོགས་ཀྱི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར11.2དོན་འཁྱོལ་བྱས་ནས། སྐྱེ་ཁམས་ནགས་སྲུང་ཁྲི་གཅིག་ལྷག་ཙམ་ལས་ཞུགས་གདན་ཞུ་བྱས་པ་དང་གླ་ཆ་སྒོར་ཁྲི8726དོན་འཁྱོལ་བྱས།

ད་ལོ་ཀན་ལྷོ་ཡིས་རྨ་ཆུའི་སྟོད་རྒྱུད་ཀྱི་ལོ་རྒྱུས་དང་མི་རིགས། སྐྱེ་ཁམས། ཞིང་ལས། འབྲོག་ལས་སོགས་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་སྐོར་བྲོ་དང་རྟ་རྒྱུག་སོགས་རིག་གནས་སྤུས་རྟགས་རབ་དང་རིམ་པ་བསྐྲུན་པ་མ་ཟད། ཕྱོགས་ཡོངས་ནས་རྨ་ཆུའི་རིག་གནས་ཤུལ་བཞག་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ཞིབ་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་ཤིང་། གཟུགས་འདས་ཤུལ་བཞག་རིག་གནས་ཁག518དང་། གནས་སྤོ་མི་ཐུབ་པའི་རིག་དངོས་སྲུང་སྐྱོབ་ཚན་པ544སྲུང་སྐྱོང་བཅས་རྒྱུན་འཛིན་བྱས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དང་ཐའོ་ཀྲོའུ་མཁར་གྲོང་། ཨུ་རུ་སུའི་ལས་རིགས་ཚོགས་འདུ་ཚོགས་གནས་རྙིང་པ་སོགས་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད། ཀན་ལྷོ་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་བཙུགས་ནས་བོད་ཀྱི་ཟློས་གར་དང་དམངས་ཁྲོད་ཀྱི་གཏམ་དཔེ་སོགས་དམངས་ཁྲོད་རིག་གནས་སྔོག་འདོན་དང་འཚོལ་བསྡུ། ལེགས་སྒྲིག སྲུང་སྐྱོང་བཅས་ཀྱི་ལས་དོན་ཧུར་ཐག་གིས་སྤེལ་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།