ཀྲུང་གོ་བོད་ཀྱི་དྲ་བ།

“ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ལ་རྒྱུས་ལོན་བྱེད་པ”ཞེས་པའི་པ་ལིའི་བརྗོད་དོན་གྱི་འགྲེམ་སྟོན་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས11ཉིན། 2021ལོའི་ཀྲུང་གོའི་ཀན་སུའུ་ཡི“ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ལ་རྒྱུས་ལོན་བྱེད་པ”ཞེས་པའི་པ་ལིའི་བརྗོད་དོན་གྱི་འགྲེམ་སྟོན་དེ་ཧྥ་རན་སེའི་པ་ལི་རུ་སྤེལ་མགོ་བརྩམས་པ་རེད། མགོ་ཚུགས་མཛད་སྒོར་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ་སྤེལ་ཡོད་ཅིང་། ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་པས“ཀན་སུའུ་གསར་བ”ཞེས་པའི་དྲ་ཐོག་ནས་མགོ་ཚུགས་མཛད་སྒོར་ཞུགས།

“ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ལ་རྒྱུས་ལོན་བྱེད་པ”ཞེས་པའི་པ་ལིའི་བརྗོད་དོན་གྱི་འགྲེམ་སྟོན་ནི2021ལོའི་ཀན་སུའུ་ཡི་མི་རིགས་རིག་གནས་ཀྱི་བྱ་འགུལ་གལ་ཆེན་གྱི་ནང་གསེས་ཡིན་པ་དང་། བྱ་འགུལ་གྱི་དུས་ཡུན་ཉིན8ཡིན་ལ། པར་རིས་འགྲེམ་སྟོན་དང་དངོས་བོ་འགྲེམ་སྟོན་གྱི་རྣམ་པ་སྤྱད་ཡོད། འགྲེམ་སྟོན་དངོས་རྫས་ལ་ཀན་སུའུ་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས། དབུལ་ཐར་གྲུབ་འབྲས་བཅས་མཚོན་པའི་པར་ལེན་བརྩམས་ཆོས100ལྷག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས། བོད་ཀྱི་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་ཐང་ཀ10ལྷག་འདུས་ཡོད་པས། ཀན་སུའུ་ཡི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁོངས་དང་མི་རིགས་ཡུལ་སྲོལ་རིག་གནས་གསོན་ཉམས་ལྡན་པའི་ངང་ནས་མཚོན་པར་བྱས་ཡོད།

འགྲེམ་སྟོན་གྱིས་ཕྱོགས་ཡོངས་ནས་ཀན་ལྷོའི་རབ་ཏུ་མཛེས་པའི་རང་བྱུང་ཡུལ་ལྗོངས་དང་ཁྱད་ཆོས་ལྡན་པའི་མི་རིགས་ཡུལ་སྲོལ་མངོན་པར་མཚོན་ནས། ཉེ་བའི་ལོ་འགའི་རིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དུས་ལྟར་དབུལ་ཐར་མཁྲེགས་གཏོད་གྱི་ལས་འགན་ལེགས་འགྲུབ་བྱས་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་བོ་དབུལ་ནག་མེད་པའི་བཟོས་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་ཅིང་། ཧྥ་རན་སིའི་མང་ཚོགས་ཀྱིས་ཀན་སུའུ་ལ་རྒྱུས་ལོན་བྱེད་པའི་ཐད་ཀར་ཀྱི་སྒེའུ་ཁུང་འདོན་སྤྲོད་བྱས་ཡོད་པ་མ་ཟད། ཧྥ་རན་སིའི་གྲོགས་པོ་སྔར་ལས་མང་པོས་ཀན་སུའུ་ལ་རྒྱུས་ལོན་བྱེད་པ་དང་ཀན་སུའུ་ལ་དགའ་བ། ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་རིག་གནས་བརྗེ་རེས་ལ་འབྲེལ་ཟམ་བཙུགས་ཡོད།

དེ་ལས་གཞན། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་པ་དང་དངོས་བཤུས་གློག་བརྙན་གྱི་བཟོ་སྐྲུན་པ་སོགས་སྐུ་མགྲོན་གྱིས་མགོ་ཚུགས་མཛད་སྒོ་སྟེང་ཀན་སུའུ་མི་ཆོས་དམངས་སྲོལ་དང་རང་བྱུང་ཡུལ་ལྗོངས། བཟོ་སྐྲུན་སྒྱུ་རྩལ་སོགས་ནང་དོན་ལ་དམིགས་ནས་བསམ་བློ་བརྗེ་རེས་བྱས་པ་དང་། རང་རང་གི་མཐོང་ལམ་གྱི་ཀན་སུའུ་ཡི་བག་ཆགས་མཉམ་སྤྱོད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།