ཀྲུང་གོ་བོད་ཀྱི་དྲ་བ།

“ཁོར་ཡུག་གསར་བརྗེ”ནས“སྐྱེ་ཁམས་སྣེ་འདྲེན”བར།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཀན་ལྷོ་རྩྭ་ཐང་གི་འབྱོར་འབྲིང་རྣམ་པ།

སྤྱི་ལེ་ངོས་གྲུ་ཁྲི་4ལྷག་ཙམ་ཟིན་པའི་ཀན་ལྷོའི་རྩྭ་ཐང་དུ་ཤོད་རྒྱུན་སྙན་མོ་ཞིག་ཡོད་པ་སྟེ། སུ་ཞིག་ཡིན་རུང་གལ་སྲིད་མེ་ཏོག་སྐལ་བཟང་འདབ་བརྒྱད་འཕྲད་ཚེ་བདེ་སྐྱིད་ཀྱི་སྐལ་བ་ལྡན་ཞེས་པ་དེ་རེད།

དབྱར་གཞུང་ནས་གྲང་ངར་ཆེ་བའི་དགུན་ཁ་བར་དང་། རི་ཁུལ་ནས་མུ་མཐའ་མེད་པའི་རྨ་ཆུའི་རྩྭ་ཐང་བར་ཚང་མར་བོད་རིགས་བུ་ཕྲུག་ཚོས་མི་རབས་ནས་མི་རབས་བར་མེ་ཏོག་སྐལ་བཟང་འདབ་བརྒྱད་འཚོལ་གྱི་ཡོད། ད་ཆ་བོད་མིས་འཛུམ་དམུལ་དམུལ་ངང་རྩྭ་ཐང་གི་མེ་ཏོག་ཚང་མ་བདེ་སྐྱིད་ལྡན་པའི་སྐལ་བཟང་འདབ་བརྒྱད་རེད་ཅེས་ཤོད་ཀྱི་ཡོད།

སྐྱེ་ཁམས་སྣེ་འདྲེན་གྱི“སྔོ་ལྗང་རྣམ་པ”

ཀའོ་ཅི་ཆིང་གི་ཁྱིམ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིཌ་རང་སྐྱོང་ཀྲོའུ་རུ་ཡོད་པ་དང་། དེ་གར་སྔོན་ཆད“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད། ཁོང་ཁྱིམ་གྱི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཆུང་ཆུང་དེ་ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོར་གནས་པ་དང་། དེ་གར་རི་བོ་སྔོ་བའི་ཁར་གྲོང་ཚོའི་ཐང་ཆེན་དང་། སྔོ་ལྗང་རྩི་ཤིང་། མཛེས་ལྗོངས་ཆུང་ངུ་བཅས་ཀྱང་རི་མོ་ལྟར་མཛེས། ན་ནིང་ཁོང་གིས་སྒོ་རར་པང་གཅལ་བཏིངས་པ་དང་ཁྱིམ་ཆས་གསར་པ་བརྗེས་ཤིང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཀྱང་འདི་ལོ་ཁོང་ལ་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་བྱུང་ཡོད།

དཔའ་ཡུལ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཝང་གོ་ལཱེང་གིས་གསར་འགོད་པར་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་དུས་མཚམས་ཤིག་རིང་དབུལ་ཕོངས་ཀྱི་འཚོ་བ་ཡུན་རིང་བསྐྱལ་བའི་དཔའ་ཡུལ་བས་རི་ཁུག་གི་རང་བྱུང་ནགས་ཚལ“འཆར་འགོད”བྱས་པ་རེད། དུས་རབས་20པའི་ལོ་རབས་90པའི་དུས་འགོར་རི་ལ་བརྟེན་ནས་འཚོ་སྡོད་བྱེད་མཁན་དཔའ་ཡུལ་གྲོང་ཚོས་རང་བྱུང་ནགས་ཚལ་གང་བྱུང་དུ་བཅད་པ་བརྒྱུད“སྒོར་ཁྲིའི་གྲོང་ཚོར”གྱུར་ཡོད།

ཡོང་འབབ་མང་དུ་ཕྱིན་ཀྱང་རི་བོ་སྐྱ་ཐེར་ཐེར་དུ་གྱུར། ཁོར་ཡུག་ཞན་པའི་དབང་གིས་མི་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། གྲོང་ཚོའི་གཞོན་ནུ་ཚོ་རིམ་བཞིན་ཕྱིར་བསྐྱོད་པས་རྒན་རྒོན་དང་ཕྲུ་གུ་ཚོ་གྲོང་ཚོ་དེའི“རྒྱུན་སྡོད་མི་འབོར”དུ་གྱུར་ཡོད། དུས་རབས་20པའི་ལོ་རབས་90པའི་དུས་མཇུག་ཏུ“སྒོར་ཁྲིའི་གྲོང་ཚོ”དེ་སླར་ཡང“གྲོང་ཚོ་དབུལ་པོར”གྱུར།

གནད་སྨིན་དབུལ་སྐྱོར་བྱེད་འགོ་ཚུགས་རྗེས། ཀན་ལྷོ་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་ཀྲོའུ་ཡོངས་སུ“ཁོར་ཡུག་གསར་བརྗེ”ཁྱབ་གདལ་བཏང་བ་དང་ས་གནས་དེ་གའི་སྲིད་གཞུང་གིས“ས་ཁོངས་ཧྲིལ་པོར་གད་སྙིཌ་མེད་པ”དམིགས་ཚད་དུ་བྱས་ནས་ཚད་གཞི་བཅུ་ཕྲག་ཁ་ཤས་བཟོས་ཏེ་རྩྭ་ཐང་དང་འགྲོ་ལམ་ནས་ཐབ་ཀ་སོགས་ཚང་མ་བཅོས་སྒྲིག་བྱས་ཏེ“མིག་མཐོང་ལག་ཟིན”གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཌ་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ་མ་ཟད། ཞིང་འབྲོག་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་ཤུགས་ཆེན་བྱས་ཡོད།

2017ལོར་གྲོང་ཚོའི་ཏང་ཡོན་ཚོས་ཉེ་འགྲམ་གྱི་མཛེས་ལྗོངས་དང་སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་ལ་ལྟ་བཞིན་བསྡོམས་རྩིས་ཡང་ཡང་བརྒྱབ་རྗེས། ཀུན་གྱི་སྔོན་ལ་མ་དངུལ་བཏང་ནས་རང་ཁྱིམ་གྱི་སྒོ་ར་སྒྱུར་བཀོད་བྱས་ཏེ“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་འགོ་ཚུགས་པ་རེད།

སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ཚེ་འབྱོར་འབྲིང་ཕྱོགས་སུ་གཞི་ནས་བསྐྱོད་ཐུབ། མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་193ནས་དུད་ཚང་70ལྷག་ཙམ་གྱིས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བ་དེ་དག་གིས་གྲོང་ཚོར་ཡུལ་སྐོར་བ་1200ལྷག་ཙམ་ལ་དུས་གཅིག་ཏུ་སྣེ་ལེན་ཞུ་ཐུབ་པ་དང་ཁྱིམ་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་ནས་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་ལོའི་ཡོང་འབབ་སྒོར་ཁྲི་2000ཡན་ཟིན་ཡོད།

གྲོང་གསེབ“དངོས་འབྲེལ་ལེགས་པའི”དར་རྒྱས་རྣམ་པ།

འདི་ལོ་ས་གནས་མང་པོར་ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་ཞིང་། ཟླ་8པ་ནས་བཟུང་དྲ་ཐོག་མིང་ཅན་བསྐྱོད་ཡུལ་ཀན་ལྷོའི་རྩྭ་ཐང་ལའང་རྡབ་རྡེག་མངོན་གསལ་དོད་པོ་ཕོག་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ས་གནས་དེ་ག་སྔར་བཞིན་འཕེལ་རྒྱས་བྱུང་ཡོད།

“ཁོར་ཡུག་གསར་བརྗེའི”རྨང་གཞིའི་ཐོག་ཀན་ལྷོས“ཡུལ་སྐོར་ཁུལ་ཡོངས་སུ་གད་སྙིཌ་མེད། ཁ་དོག་དགུ་ལྡན་ཀན་ལྷོའི་ཤམ་བྷ་ལ”ཞེས་པའི་ཁྱད་ལྡན་སྤུས་རྟཌ་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་ཚད་ཤིང་གྲོང་ཚོ་15གཏོད་པ། ཡུལ་སྐོར་ཁུལ་ཡོངས་སུ་ཆེད་ལས་གྲོང་ཚོ་100འཚོལ་ཞིབ་བྱས་ནས་གཏོད་པ། ཡུལ་སྐོར་བྱེད་ནུས་ལྡན་པའི་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་1000མགྱོགས་མྱུར་སྐྲུན་པ། ཡུལ་མིའི་མགྲོན་ཁང་རྩེ་གྲ་དང་སྐར་མ་རིམ་པའི་ཞིང་པའི་སྤྲོ་སྐྱིད་ཁང་ཁྲི་1གསར་གཏོད་དང་སྐྱེད་སྲིང་བཅས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་འདུ་འགོད་བཏོན་པ་མ་ཟད། ཡུལ་སྐོར་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་ལམ་ཐིག་དང་ས་མཐོའི་མེ་ཏོག་རྣམ་བཞད་ཁྱམས་རིང་7བཏོད་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

ཀ་ཤུལ་གྲོང་ཚོ་ནི་ཡུལ་སྐོར་བྱེད་ནུས་ལྡན་པའི་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་1000གི་གྲས་ཤིག་རེད། 2020ལོའི་ཟླ་དང་པོར་ཀ་ཤུལ་ཀན་སུའུ་ཡི་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པའི་འབྲོག་པ་གཏན་སྡོད་བྱ་ཡུལ་ཐོག་མར་གྱུར་ཡོད།

རིམ་རྩིས་བྱས་ན་མིག་སྔར་ཀན་ལྷོ་ཀྲོའུ་ཡིས་ཁོར་ཡུག་འབྱུང་འཕྲོད་ཅན་དང་། གསར་བརྗེ་ཡུལ་སྐོར་ཅན། སྐྱེ་ཁམས་ཉམས་ལེན་ཅན། གུང་གསེང་སྤྲོ་གསེང་ཅན། དམངས་སྲོལ་རིག་གནས་ཅན། ཁྱད་ལྡན་ཐོན་ལས་ཅན། ཏང་འཛུཌ་སྐྱོང་དཔེ་སྟོན་ཅན་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་1603བསྐྲུན་པས་ཞིང་འབྲོག་པ་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲོའུ་ཡོངས་ཀྱི་ཡུལ་སྐོར་མི་གྲངས་དང་ཕྱོཌ་བསྡུས་ཡོང་འབབ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་6448.02དང་སྒོར་དུང་ཕྱུར་312.88ཟིན་ནས་ལོར་ཆ་སྙོམས་གྲངས་གནས་གཉིས་ཀྱིས་འཕར་ཡོད།

རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བའི“འདུ་ཤེས་རྣམ་པ”

ཕུཌ་ཀྱི་འཕེལ་རྒྱས་ནི་རིག་གནས་ཡུལ་སྐོར་ཐོན་ལས་ཁོ་ནར་བརྟེན་ན་འགྲིག་གི་མེད། 2021ལོའི་ལོ་འགོར་ཀན་ལྷོས་ཁུལ་ཡོངས་སུ་གད་སྙིགས་མེད་པ་དང་། རྫས་ལུད་མེད་པ། འགྱིག་ཤོག་མེད་པ། སྦཌ་བཙོག་མེད་པ། སྤྱི་གནོད་མེད་པ་བཅས་ཀྱི“མེད་པ་ལྔའི་ཀན་ལྷོ”འཛུགས་གཏོད་བྱ་སྤྱོད་ཕྱོཌ་ཡོངས་ནས་སྤེལ་ཏེ། སྐྱེ་ཁམས་ཀྱི“སྔོ་ལྗང”དང་འཕེལ་རྒྱས་ཀྱི“སྟོབས་ཤུགས”ཕྱོགས་ཡོངས་ནས་འཕེལ་བར་བྱས་ཡོད།

ཀན་སུའུ་ཡི་ཟླ་བ་གཡང་འཛོམས་དེང་རབས་ཞིང་ལས་ཚོཌ་པར་ས་གནས་ཁག་ནས་བསྡུས་པའི་རིལ་མ་འཁོར་ཁང་དུ་གཅིག་སྡུད་སྤུང་བཞིན་ཡོད་ཅིང་། རིལ་མ་དེ་དག་ལས་སྣོན་བྱས་པ་བརྒྱུད་སྐྱེ་ལྡན་ལུད་དུ་གྱུར་ཡོད། ཀུང་སི་དེས་ན་ནིང་ཞིང་འབྲོག་པ་དུད་ཚང་ཁྲི་2.1གི་ས་ནས་རིལ་མ་ཏུན་ཁྲི་20ཉོས་པ་ལས་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་7500བྱུང་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་བསྡོམས་རྩིས་བྱས་པར་གཞིཌ་ན། 2021ལོའི་ལོ་སྟོད་དུ་ཀན་ལྷོ་ནས་ཁྱོན་སྒོ་ཕྱུགས་ཀྱི་ལྕི་བ་དང་ཁྱིམ་བྱའི་བྲུན་ཏུན་ཁྲི་793.22ཐོན་པ་དང་ཐོན་ཁུངས་ཅན་གྱི་རྣམ་པར་བརྟེན་ནས་བེད་སྤྱོད་བྱེད་ཚད་ཏུན་ཁྲི་679.59ཟིན་ཡོད།

ཅོ་ནེ་རྫོང་མོག་རོ་གྲོང་རྡལ་གྱི་ཀྲུང་ལུཌ་དང་བོད་ལུཌ་སྨན་རྩྭ་འདེབས་འཛུགས་དཔེ་སྟོན་རྟེན་གཞིར་ཞིང་ལས་ཚན་རྩལ་མི་སྣས་སྨན་རྩྭ་སྐྱེ་འཚར་ལ་ཐེབས་པའི་སྐྱེ་ལྡན་ལུད་ཀྱི་ཤུཌ་རྐྱེན་སྣ་ཚོགས་ཚོད་ལྟ་བྱས་ནས། ཐོན་མཐོ་ནུས་ཆེའི་འདེབས་འཛུགས་བྱེད་སྟངས་ཤིག་རྫོང་ཡོངས་སུ་ཁྱབ་གདལ་གཏོང་རྩིས་ཡོད། འབྱུང་འགྱུར་དེ་བས་འབྱུང་འཕྲོད་དང་ཁོར་ཡུག་སྲུང་སྐྱོང་གི་ཞིང་ལས་གསར་པ་ས་གནས་དེ་གར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་ངེས་རེད།

ཀན་ལྷོར་ཐབས་མཆོག་དེ་རིགས་ཀྱིས“ཡོང་འབབ་མང་དུ་གཏོང་བ”དང“བསམ་རྒྱ་ཆེ་རུ་གཏོང་བ”གཉིས་ཟུང་འབྲེལ་བྱས་པ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་མུ་མཐུད་འགྱུར་ལྡོག་བྱུང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་པར་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཁྲོད་ཉམས་སད་ཀྱང་ཐེག་ནས་སྐྱིད་སྣང་དང་སེམས་ཤུཌ་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།