ལན་ཀྲུའུ་ཡི་བཀག་སྡོམ་ཁུལ་ཚང་མ་གློད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན་གྱི་ཉིན་གུང་། ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝུའུ་ཆོན་ཁྲོམ་གཞུང་ལན་ཧྲན་གྲོང་ཚོའི་སྡེ་ཁུལ་ལྕགས་ལམ་འཕྲུལ་ཚན་གྱི་ཁྱིམ་མིའི་སྡོད་ཁུལ་གྱི་བཀག་སྡོམ་ཚོད་འཛིན་དོ་དམ་གློད་པ་དང་ཆབས་ཅིག ལན་ཀྲོའུ་གྲོང་ཁྱེར་གྱི་བཀག་སྡོམ་ཚོད་འཛིན་ཁུལ་ཚང་མ་གློད་པ་དང་། གྲོང་མིས་བདེ་ཐང“ལྗང་མདོག་བཤེར་རིས”བསྟན་རྗེས་བདེ་འཇགས་ངང་འགྲོ་འོང་བྱེད་ཆོག དེས་ལན་ཀྲུའུ་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱིའི་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཟླ1རིང་འཁོར་སྐྱོད་བྱེད་མཚམས་བཞག་པའི་གྲོང་ཁྱེར་འདི་ད་ལྟ་རིམས་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན།

微信图片_20211124101049.jpg

ཉིན་དེར། ཝུའུ་ཆོན་ཁྲོམ་གཞུང་དང་ལན་ཧྲན་གྲོང་ཚོའི་སྡེ་ཁུལ་གྱི་ལས་དོན་མི་སྣས་སྔ་མོ་ནས་ལྕགས་ལམ་འཕྲུལ་ཚན་གྱི་ཁྱིམ་མིའི་སྡོད་ཁུལ་གྱི་སྒོ་འགྲམ་དུ་སྒུག་ཡོད། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་ཏང་དར། ཀྲུང་གོའི་མཐུན་སྒྲིལ་མདུད་པ། དེ་བཞིན་རི་ལྟར་སྤུངས་བའི་འཚོ་བའི་མཁོ་ཆས་ཚང་མ་ནི་གཅིག་སྡུད་ལོགས་སུ་བཀར་བའི་ཁྱིམ་ཚང17རང་ཁྱིམ་དུ་ལོག་པར་བསུ་བ་བྱེད་པར་གྲ་སྒྲིག་བྱས་པ་རེད། རླངས་འཁོར120གཞིས་ཁུལ་དུ་འབྱོར་པའི་ཚེ། ཝུའུ་ཆོན་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་མོང་ཡ་ཝུའེ་ཡིས“ཐོན་བྱུང་། ཐོན་བྱུང་། ཁྱོད་ཚོ་ཁྱིམ་དུ་ལོག་པར་དགའ་བསུ་ཞུ”ཞེས་ཡིད་སེམས་འགུལ་བའི་ངང་བཤད།    

ཟླ10པའི་ཚེས18ཉིན་ལན་ཀྲུའུ་གྲོང་ཁྱེར་དུ་གདགས་གཤིས་ཡིན་པའི་ནད་པ་ཐོག་མ་བྱུང་བ་ནས་ད་ལྟའི་བར་ཉིན36འགོར་ཡོད་དེ། ལན་ཀྲུའུ་ཡི་མི་ཚང་མར་མཚོན་ན་ཉིན་རེ་རེ་སེམས་ཁོང་ནས་བརྗེ་ཐབས་བྲལ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་ནད་དུག་ལ་འགོག་རྒོལ་བྱས་ཤིང།  སྡོད་དམངས་ཀྱི་གཞིས་ཁུལ་ཆེས་ཆུང་བའི་སྡེ་ཚན་དུ་བཟུང་སྟེ་བཀག་སྡོམ་ཚོད་འཛིན་དང་འགོག་སྡོམ་ཚོད་འཛིན། དོགས་ཟོན་ཚོད་འཛིན་བཅས་རིམ་པ་གསུམ་ལྡན་གྱི་དོ་དམ་ནན་མོས་རིམས་འགོག་ཚོད་འཛིན་གྱི་འཛིང་རགས་བསྐྲུན་ནས། གྲོང་ཁྱེར་གཅིག་གི་མི་ཚང་མའི་བདེ་སྡུག་དོན་དུ་གཉེར། ཉིན་མཚན36གི་རིང་ལན་ཀྲུའུ་གྲོང་ཁྱེར་འཁོར་སྐྱོད་བྱེད་མཚམས་བཞག

ཟླ11པའི་ཚེས22ཉིན་གྱི་ཆུ་ཚོད12བར། ལན་ཀྲུའུ་རུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་ཕོག་པའི་ནད་པ83བྱུང་བ་དང་། ནད་པ78སྨན་ཁང་ནས་ཕྱིར་བུད། བསྟུད་མར་ཉིན13རིང་ནད་རྟགས་གཏན་ཁེལ་བྱུང་བའི་ནད་པ་གསར་བ་མ་ཐོན།

དགུན་མགོའི་ལན་ཀྲུའུ་རུ་ཉི་འོད་རབ་ཏུ་འཚེར་ཞིང་། ཁྲོམ་གཞུང་ཀུན་དུ་ཟིང་ཟིང་གི་རྣམ་པས་ཁེངས། སྒོ་རྩིས་ཚོང་ཁང་གིི་སྒོ་ཕྱེས་སྟེ་ཚོང་གཉེར་གྱི་ལས་ལ་བྲེལ་ཞིང་། གཙོ་གྲོང་ཁུལ་བཞི་བའི་སྤྱི་སྤྱོད་རླངས་འཁོར་དུས་མཚམས་དང་ས་ཁོངས་དབྱེ་ནས་མྱུར་བགྲོད་ལམ་ཐིགKལམ་ཐིག་དང་། བར་ཁོངས་ལམ་ཐིགQལམ་ཐིག་སླར་གསོ་བྱས། ལྕགས་ལམ་མེ་འཁོར39འཁོར་སྐྱོད་སླར་གསོ་བྱས། ལན་ཀྲུའུ་ཡི་མིའི་དྲན་ངོ་ན་གསལ་བའི་ཚགས་ཤའི་ཐུག་པ་ཕོར་བ་གང་གསུས་ཁོག་དུ་བབས་པ་ན“ཡུན་རིང་དུ་མ་མཇལ”ཞེས་ཁ་ནས་དབང་མེད་དུ་ཤོར་བྱུང་། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།