ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་རིམས་ནད་རིང་གི་སྒེར་འཁོར་སྣ་ཚོགས་གནས་སྐབས་སུ་བཀག་སྡོམ་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱ་ཆེའི་མང་ཚོགས་རྣམ་པ།

མིག་སྔར་ཀན་སུའུ་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་ཛ་དྲག་ཡིན་པ་དང་། ཉེ་ཆར། ཞིང་ཆེན་ནང་ཁུལ་གྱི་གཏན་ཁེལ་ནད་གཞིའི་རིམས་ནད་རིག་པའི་བརྟག་དཔྱད་མཇུག་འབྲས་ལྟར་ན། པྲོག་གསར་གློ་ཚད་ནད་པ་རང་རེའི་གྲོང་ཁྱེར་དུ་འགུལ་སྐྱོད་བྱས་མྱོང་པས། ཕྱི་ནས་ནང་འདྲེན་འགོག་པ་དང་ནང་ནས་ཕྱི་མཆེད་འགོག་པའི་བྱ་ཐབས་ཁག་ལ་སྔར་བས་ཤུགས་སྣོན་དང་། མི་ཚོགས་འགྲོ་འོང་མང་པོ་ལས་བྱུང་བའི་ཕན་ཚུན་འགོ་ཁྱབ་ཀྱི་ཉེན་ཁ་སྔོན་འགོག་བྱ་ཆེད། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱ་བར་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཏེ་ནད་དུག་གི་མཆེད་ལམ་ནུས་ལྡན་ངང་བཀག་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།

2021ལོའི་ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད0ནས་བཟུང་། གཙོས་གྲོང་ཁྱེར་གྲོང་ཁུལ་དུ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་གྱི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་དང་། དམིགས་བསལ་རླངས་འཁོར་དང་འཕྲལ་སྡོམ་རླངས་འཁོར། གཞུང་དོན་རླངས་འཁོར། དངོས་ཟོག་སྐྱེལ་འཁོར་བཅས་ཕུད། སྒེར་འཁོར་ཚང་མ་སྐོར་མི་ཆོག རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་རང་འགུལ་ངང་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁྱོན་ཡོངས་ལ་བསྟུན་ཏེ། ངེས་མཁོ་མིན་ན་རླངས་འཁོར་མི་སྐོར་བ་བྱེད་དགོས། རང་དགར་རླངས་འཁོར་སྐོར་མཁན་ལ་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

གཙོས་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས།

2021ལོའི་ཟླ10པའི་ཚེས25ཉིན་ལ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།