མཛོད་དགེ་རུ་པྲོག་གསར་གློ་ཚད་ནད་པ4བརྒྱུད་མྱོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཐེ་བོ་རྫོང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུན་ནན་ཁུན་མིང་ནས་ཡོང་བའི་མི20ཡིས་གྲུབ་པའི་ཡུལ་སྐོར་ཚོགས་པ་ཞིག་ལན་གྲོའུ་རུ་ཡུལ་སྐོར་དུ་ཕྱིན། ཚོགས་པ་དེའི་ནང་གི་མི6ལ་པྲོག་གསར་ནད་འགོས་ཡོད་པ་གཏན་འཁེལ་བྱས་ཤིང་། དེའི་གྲས་ཀྱི་ཀྲང་ཆེ་གེ་མོ་སྤྱི་ཟླ10པའི་ཚེས15ཉིན་མེ་འཁོར་གཏོང་ཐེངསD2746པའི་འཁོར་སྒམ6པའི་ནང་བསྡད་ཅིང་། དེ་ལས་མི4ཡི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པ་དང་། གདགས་གཤིས་ཅན་གྱི་མི4པོ་སྤྱི་ཟླ10པའི་ཚེས17ཉིན་སི་ཁྲོན་མཛོད་དགེ་རྫོང་གི་མཚོ་ཁྱ་ཁྲེབ་མཛེས་མཛེས་ལྗོངས་ཁུལ་དུ་སོང་མྱོང་བ་རེད།

ཟླ10པའི་ཚེས17ཉིན་ནས་བཟུང་། མཛོད་དགེའི་མཚོ་ཁྱ་ཁྲེབ་མཛེས་ལྗོངས་ཁུལ་དང་ཀླུ་ཆུ་རྫོང་ལྷ་མོ་གྲོང་རྡལ་དུ་འགྲོ་མྱོང་མཁན་རྣམས་ངེས་པར་འབྲེལ་ཡོད་བརྟག་དཔྱད་ས་ཚིགས་སུ་སོང་སྟེ་རང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་། གལ་སྲིད་ཚ་རྒྱག་པ་དང་གློ་ལུ་པ་སོགས་ཀྱི་ནད་རྟགས་ཡོད་ཚེ་མགྱོགས་པོར་སྨན་ཁང་དུ་འགྲོ་རྒྱུ་གལ་ཆེ།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།