ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ནང་ཁུལ་ནས་མེ་འཁོར་བསྡད་དེ་ཞིང་ཆེན་ཕྱིར་འགྲོ་ན་དུས་ཚོད24རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་དཔང་ཡིག་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རིམས་ནད་ལ་ཁ་གཏད་འཇལ་ཆེད། ལན་ཀྲོའུ་མེ་འཁོར་འབབ་ཚུགས་ཀྱིས་སྤྱི་བསྒྲགས་སྒྲོག་པ་དང་། ཀན་སུའུ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲིད་ཚན་ཆུང་འགྲིམ་འགྲུལ་རིམས་ནད་ཞིབ་བཤེར་ཚོ་ཆུང་གི་བརྡ་ཐོའི་བླང་བྱ་ལྟར་ན། ཀན་སུའུ་ནང་ཁུལ་ནས་མེ་འཁོར་འགྲུལ་སྐྱེལ་བརྒྱུད་དེ་ཞིང་ཆེན་ཕྱིར་འགྲོ་བའི་མི་སྣས་དུས་ཚོད24རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་དཔང་ཡིག་བཟུང་ཡོད་ན་ད་གཟོད་མེ་འཁོར་ལ་བསྡད་ཆོག

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།