ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོའི་བདེ་སྐྱིད་ལྡན་པའི་འཚོ་བར་རྒྱུས་ལོན་བྱེད་པ་སྟེ་ཀན་སུའུ་ཀན་ལྷོའི་ལག་ལེན》གྱི་དཔེ་མཚོན་གཅིག་བསྡུས་ཕྲེང་བསྟར་བརྙན་ཟློས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127975498_16346923679191n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས19ཉིན། 《ཀྲུང་གོའི་བདེ་སྐྱིད་ལྡན་པའི་འཚོ་བར་རྒྱུས་ལོན་བྱེད་པ་སྟེ་ཀན་སུའུ་ཀན་ལྷོའི་ལག་ལེན》གྱི་དཔེ་མཚོན་གཅིག་བསྡུས་ཕྲེང་བསྟར་བརྙན་ཟློས་དེ་པེ་ཅིང་དུ་བསྡུས་པའི2021ལོའི་གྲོང་གསེབ་འཕེལ་རྒྱས་གླེང་སྟེགས་དང2021ལོའི་འཛམ་གླིང་ཡོངས་ཀྱི་དབུལ་འཕྲི་རོགས་ཟླའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་པ་རེད། 

1127975498_16346923678631n.jpg

《ཀྲུང་གོའི་བདེ་སྐྱིད་ལྡན་པའི་འཚོ་བར་རྒྱུས་ལོན་བྱེད་པ་སྟེ་ཀན་སུའུ་ཀན་ལྷོའི་ལག་ལེན》ཞེས་པས་གསར་གཏོད་ཅན་གྱི་མཉམ་འདྲེས་སྨྱན་བྱད་རྣམ་པ་བརྒྱུད་དེ། ཀན་ལྷོའི་མི་དམངས་ཀྱིས་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་ཉམས་པ་ཀུན་གསོ་ནས་ལས་མང་མཉམ་དར་དུ་བསྐྱོད་པ་དང་། རྨང་གཞིའི་ཆ་རྐྱེན་དབུལ་ཞིང་སྟོང་བ་ནས་ཉིན་རེ་བཞིན་རྣམ་པ་གསར་བར་གྱུར་བ། སྐྱེ་ཁམས་ཁོར་ཡུག་སྔོན་ཆད་ཀྱི་ངན་འགྱུར་ཞན་འགྱུར་ནས་ད་ལྟའི་བཅོས་སྐྱོང་ནུས་ལྡན་དུ་གྱུར་ནས། སྤྱི་ཚོགས་ལས་རིགས་ཧ་ཅང་རྗེས་ལུས་ཡིན་པ་ནས་ཕྱོགས་ཡོངས་ཡར་ཐོན་དུ་གྱུར་བ། མི་དམངས་ཀྱི་འཚོ་བ་ཤིན་ཏུ་དབུལ་བོ་ཡིན་པ་ནས་ཕྱུག་འགྱུར་ཆེན་པོ་བྱུང་ཡོད་པས། ཀན་ལྷོའི་ཁྱད་ཆོས་ལྡན་ཞིང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པའི་རྣམ་པ་གསོན་ཉམས་ལྡན་པས་མཚོན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།