ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་སློབ་མའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པ་སྤེལ།

ཡོང་ཁུངས། : ཀན་ལྷོའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྟེགས་བུ།     སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

3.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀན་ལྷོ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་ཕུལ་བྱུང་བརྩམས་ཆོས་ཀྱི་འགྲེམས་སྟོན་བྱ་འགུལ་ཁུལ་རིག་གནས་ཐོག་ཁང་དུ་སྤེལ་བ་རེད།

ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་དང་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཀླུ་འབུམ། ཁུལ་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲོའུ་ལིན་ཧུང་དང་ཁུལ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྟ་མགྲིན་སྐྱབས་སོགས་འགྲེམས་སྟོན་མཛད་སྒོར་ཞུགས་ཏེ་གཏམ་བཤད་གནང་།

ཐེངས་འདིའི་བྱ་འགུལ་ནི་ཀན་ལྷོ་ཁུལ་རིག་གནས་ཨུ་ཡོན་ལྷན་ཁང་དང་ཁུལ་སློབ་གསོ་ཅུའུ་སོགས་ཀྱིས་ཀྲུང་ཧྭའི་ཡིག་གཟུགས་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་གོང་སྤེལ་གཏོང་རྒྱུ་གཙོ་བོར་བཟུང་ནས་བསྒྲུབས་ཤིང་། ཁུལ་ཡོངས་ཀྱི་སློབ་གྲྭ33གྱི་སློབ་མའི་བརྩམས་ཆོས556དེའི་ནང་ཚུད་ཡོད། དེའི་ཁྲོད་དུ་སློབ་ཆུང་སློབ་མའི་བརྩམས་ཆོས315དང་དམའ་འབྲིང་སློབ་མའི་བརྩམས་ཆོས139 མཐོ་འབྲིང་སློབ་མའི་བརྩམས་ཆོས102བཅས་ཡོད། 

དཔྱད་འདེམས་པ་དག་གིས་ཐེངས་གཉིས་ཀྱི་དཔྱད་ཞིབ་བརྒྱུད་ནས་བརྩམས་ཆོས122ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་སྟེང་བདམས་ཡོད་པ་རེད།

མཇུག་མཐར། ཕུལ་བྱུང་བརྩམས་ཆོས65དང་། ཕུལ་བྱུང་མཛུབ་སྟོན་དགེ་རྒན10དང་།  ཕུལ་བྱུང་རྩ་འཛུགས་སྡེ་ཁག3བཅས་ལ་བྱ་དགའ་གནང་ཞིང་སློབ་མའི་ཡིག་གཟུགས་སྦྱོང་བའི་ཀུན་སློང་དང་ནུས་རྩལ་མཐོར་འདེགས་ལ་སྐུལ་མ་བྱས། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།