ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཐེངས་དང་པོར་གཙོད་གླང་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

པར་འདི་གཉིས་ནི་ལས་དོན་མི་སྣས་མཚོ་ཉིན་འགྲམ་རྒྱུད་དུ་བླངས་པའི་གཙོད་གླང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་ཁུལ་དོ་དམ་ཅུའུ་མཚོ་ཉིན་སྲུང་སྐྱོང་ས་ཚིགས་ནས་ཤེས་གསལ་ལྟར་ན། ཟླ9པའི་ཚེས22ཉིན་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣས་དུས་ལྟར་བྱ་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་སྐབས་མཚོ་ཉིན་འགྲམ་རྒྱུད་དུ་གཙོད་གླང་ཞིག་བརྒྱུད་བཞིན་པ་མཐོང་། མཚོ་ཉིན་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་བྱང་མོ་སྐྱིད་ཀྱིས་ངོ་སྤྲོད་ལྟར་ན། དེ་ནི་སྲུང་སྐྱོང་ས་ཚིགས་བཙུགས་པའི་ཚུན་ཐེངས་དང་པོར་མངའ་ཁོངས་སུ་གཙོད་གླང་མངོན་པ་རེད་ཅེས་བསྟན།

གཙོད་གླང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་ཡིན་ལ། རྒྱུན་དུ་ས་བབ་སྨི2500ཡན་གྱི་རི་མཐོའི་ནགས་ཚལ་དང་སྤང་ལྗོངས་སུ་འཚོ་སྡོད་བྱེད་པ་དང་། དགུན་དུས་སུ་ས་བབ་སྨི2500མན་གྱི་ཁབ་ལོ་ནགས་སའི་བྲག་མང་སར་དགུན་སྒྲོལ་བྱས་པ་ཡིན།

ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲོང་སྐྱོང་ཁུལ་དེ་ནི་མཚོ་བོད་མཐོ་སྒང་བྱང་ཤར་ས་མཚམས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གནས་ཤིང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོག་ཉར་ཁུལ་གཙོ་བོ་ཡིན་པ་དང2003ལོར་དངོས་སུ་བཙུགས་པ་རེད། ཉེ་བའི་ལོ་འགའི་རིང་ལ་སྲུང་སྐྱོང་ཁུལ་གྱིས་ཆུ་འདྲེན་དང་མཚོ་ཉིན་བརླན་སར་སྲུང་སྐྱོང་འཛུགས་སྐྲུན། ཀྲུང་གོ་དང་ཡོ་རོབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་མངའ་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་འགྱུར་ལྡོག་བྱུང་བ་མངོན་གསལ་ཡིན་པ་དང་། ད་ལྟ་མཚོ་ཉིན་བརླན་སར་བསྡོམས་པས་སྲོག་ཆགས་རིགས86ཡོད་པའི་ཁྲོད་འདབ་ཆགས་རིགས63ཟིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།