ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི35.68གསར་སྣོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས2020ལོའི་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་སྡོམ་རྩིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས། 2020ལོར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་ལས་མི་ཞུགས་མི་གྲངས་ཁྲི35.68གསར་སྣོན་བྱུང་བ་དང་། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་མི་གྲངས་ཁྲི34ཡི104.9%ལེགས་འགྲུབ་བྱུང་ཡོད། བསྡོམས་པས་ཤང་གྲོང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཁྲི526.9ལྷག་སྤོ་བསྒྱུར་བྱས་ཤིང་། དེས་ལོ་ཧྲིལ་བོའི་འཆར་གཞི་མི་ཁྲི500ཡི105.4%ལེགས་འགྲུབ་བྱས་ཡོད།

2020ལོར། ཞིང་ཆེན་ཡོངས་སུ་བསྡོམས་པས་ཤང་གྲོང་གི་ལས་མི་ཞུགས་མི་སྣ་མི་ཁྲི1331ཡོད་པ་དང་ལོ་སྔོན་མ་དང་བསྡུར་ན་མི་ཁྲི2ཇེ་ཉུང་དུ་སོང་ཡོད། དེའི་ནང་ཐོན་ལས་དང་པོར་མི་ཁྲི597དང44.9%ཟིན་ལ། ཐོན་ལས་གཉིས་པར་མི་ཁྲི237དང17.8%ཟིན་ཡོད། ཐོན་ལས་གསུམ་པར་མི་ཁྲི497དང37.3%ཟིན་ཡོད། བསྡོམས་པས་ཤང་གྲོང་གི་ངལ་རྩོལ་ནུས་ལྷག་མ་མི་ཁྲི526.9སྤོ་བསྒྱུར་བྱས་ཤིང་། དེའི་ནང་གྲོང་རྡལ་གྱི་སྒེར་གཉེར་མ་ཡིན་པའི་ལས་ཁུངས་སུ་ལས་ཞུགས་བྱེད་མཁན་མི་ཁྲི262.2ལ་སླེབས་ཡོད།

ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་མི་ཁྲི35.68གསར་སྣོན་བྱུང་བ་དང་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་མི་ཁྲི34ཡི104.9%ལེགས་འགྲུབ་བྱས་ཡོད། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.27%ལ་སླེབས་པ་དང་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན4.5%ཡི་མན་དུ་ཚོད་འཛིན་བྱས་ཡོད། དེའི་ནང་ལས་ཤོར་མི་སྣས་ཡང་བསྐྱར་ལས་ཞུགས་བྱས་པ་མི་ཁྲི14.68ལ་སླེབས་པ་དང་། ལས་ཞུགས་དཀའ་ངལ་མི་སྣས་ལས་ཞུགས་བྱས་པ་མི་ཁྲི5.2ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།