རྨ་ཆུ་རྫོང་གིས་ཀྲའོ་ཝ200ཡི་འོད་ཤུགས་གསོ་སྤེལ་གསབ་རེས་ཀྱི་འོད་ཤུགས་གློག་ཁང་འཛུགས་སྐྲུན་ལས་གཞི་སྐྲུན་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྨ་ཆུ་རྫོང་གིས་ཀྲའོ་ཝ200ཡི་འོད་ཤུགས་གསོ་སྤེལ་གསབ་རེས་ཀྱི་འོད་ཤུགས་གློག་ཁང་འཛུགས་སྐྲུན་ལས་གཞི་ཉིན་མ་གྲོང་རྡལ་གོང་མ་སྡེ་བ་ནས་སྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ།     

ཉེ་བའི་ལོ་ཤས་ནང་དུ། རྨ་ཆུ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་རྒྱུན་འཁྱོངས་དང་། མུ་མཐུད་དུ“སྟོད་རྒྱུད་ཀྱི་འདུ་ཤེས”དྲག་ཏུ་བཏང་ནས། རང་འགུལ་ངང“སྟོད་རྒྱུད་ཀྱི་འགན་འཁྲི”དང་དུ་བླངས་ཤིང་། “རི་ཆུ་སྔོ་མོ་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ལྟ་བ་བརྟན་པོ་བཙུགས་ནས། བློ་བརྟན་འགྱུར་མེད་ངང“སྐྱེ་ཁམས་ཀྱི་དར་ཆ་བསྒྲེངས་ཤིང་། སྐྱེ་ཁམས་ཀྱི་ལམ་ལ་ཞུགས་པ། སྐྱེ་ཁམས་ཀྱི་ཟ་མ་ཟ་བ”། རྨ་ཆུའི་སྟོད་རྒྱུད་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ནས། ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ཤིང་། “ཀྲུང་གོ་ལན་ཀྲོའུ་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“ཀྲུང་གོ་ཐན་ཅིན་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་ཚོང་འགུག་དངུལ་འདྲེན་སྟེགས་བུ་ལ་བརྟེན་ནས། དཔལ་འབྱོར་ཆུང་བ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་བཏང་ཞིང་། ནུས་ཁུངས་གཙང་མའི་ཐོན་ལས་ནང་འདྲེན་བྱེད་པར་ཧུར་ཐག་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་གཞི་ས་འཛུགས་སྐྲུན་བྱས།    

ཤར་ཕྱོགས་གློག་ཤུགས་རང་འགུལ་ཚོད་འཛིན་ལས་གཞི་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར 4གཏོང་བའི་རྨ་ཆུ་རྫོང་གི་ཀྲའོ་ཝ200ཡི་འོད་ཤུགས་གསོ་སྤེལ་གསབ་རེས་ཀྱི་འོད་ཤུགས་གློག་ཁང་འཛུགས་སྐྲུན་ལས་གཞི་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། སྔར་ལས་ལྷག་པའི་སྒོ་ནས་ནུས་ཁུངས་གསར་བའི་ཐོན་ལས་དང་ནུས་ཁུངས་གྲོན་ཆུང་ཐོན་ལས་མགྱོགས་མྱུར་ངང་གོང་འཕེལ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།  །    

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།