ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་ཞིང་སྡེ་དར་རྒྱས་ཀྱི་རི་མོ་གསར་བ་བྲིས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྡེ་དམངས་དཀོན་མཆོག་དོན་གྲུབ་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ནས“ངེད་ཚོའི་སྡེ་བར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ལག་བསྟར་བྱེད་པར། སྲིད་གཞུང་གི་མ་དངུལ་འབོར་ཆེན་གྱི་རྒྱབ་སྐྱོར་འོག  ད་ལྟ། སྡེ་བའི་ནང་གི་རྨང་གཞིའི་སྒྲིག་ཆས་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད”ཟེར།

སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་རིམ་སྤར་བསྒྱུར་བཀོད་ལས་གཞིས་འབོ་ར་གྲོང་རྡལ་འབོ་ར་མདོ་སྡེ་བའི་ཁྱིམ་ཚང 37གྱི་འཚོ་བར་འགྱུར་ལྡོག་གསར་བ་བྱུང་།

མིག་སྔར། འབོ་ར་མདོ་སྡེ་བའི་འགྲོ་ལམ་དང་བཙོག་ཆུའི་སྦུག་དྲ། ཁང་བའི་ནང་གི་ཁོར་ཡུག་བཅོས་སྐྱོང་སོགས་ལས་གཞི་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད། མིག་སྔར་གྲོང་རྡལ་དེའི་ལས་བྱེད་པས་ཁྱིམ་ཚང་འགན་ལེན་བྱེད་པའི་འགན་འཁྲི་ལམ་ལུགས་ཀྱི་རྣམ་པ་བརྒྱུད་དེ། ཁང་བའི་ནང་གི་ཁོར་ཡུག་བཅོས་སྐྱོང་དང་བསྒྱུར་བཀོད་བྱ་བ་སྤེལ་ནས། མང་ཚོགས་ལ་ཁོར་ཡུག་གསར་བ་དང་འཚོ་བ་གསར་བར་བསྟུན་ཐབས་བྱས།

 “གོམ་པ་རྗེས་མར་ངེད་འབོ་ར་གྲོང་རྡལ་གྱིས་འབོ་ར་མདོ་སྡེ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་བྱ་བ་འགོ་འཛུགས་ས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་དང་ཞིང་སྡེ་དར་རྒྱས་ཐོན་ལས་འཕེལ་རྒྱས་དང་། ཞིང་སྡེ་ཡུལ་སྐོར་ནུས་ལྡན་གྱིས་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་ཞིང་སྡེ་དར་རྒྱས་འཛུགས་སྐྲུན་ཁྲོད་ཁེ་སྤོགས་དེ་བས་མང་བོ་ལོངས་སྤྱོད་བྱས་ཏེ། སྔར་ལས་ལྷག་པར་དུ་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་དང་ཐོབ་སྣང་མཐོར་འདེགས་བཏང་ནས། འབོ་ར་གྲོང་རྡལ་སྔར་ལས་མཛེས་པར་བྱ་རྒྱུ”ཞེས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་རྡལ་གྱི་འགོ་གཙོ་མ་ལེ་ཡིས་བཤད།

ཏང་གི་ཚོགས་ཆེན་བཅུ་དགུ་བས་ཞིང་སྡེ་དར་རྒྱས་ཀྱི་ཆེད་དུ“ཐོན་ལས་དར་རྒྱས། སྐྱེ་ཁམས་གནས་འཕྲོད། ཞིང་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”གི་འཆར་གཞི་ཆེན་པོ་བཀོད། “མི་རིགས་བསྐྱར་དར་ཡོང་བར། ཞིང་སྡེ་དར་རྒྱས་གཏོང་དགོས།” བསང་ཆུ་རྫོང་གིས“གནོད་མེད་ལྔ་ཡི་ཀན་ལྷོ”གསར་འཛུགས་དང“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གཞིའི་འཛུགས་སྐྲུན་དམིགས་འབེན་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དང་ཞིང་སྡེ་དར་རྒྱས་བྱ་བ་ནུས་ལྡན་གྱིས་འབྲེལ་མཐུད་བྱས་ཤིང་། “སྐྱེ་ཁམས་སྡོད་གནས། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག  སྐྱེ་ཁམས་རིག་གནས”ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་བྱ་བ་དེ་དམངས་འཚོ་ལེགས་བཅོས་ཀྱི་དོན་ཆེན་དང་སྐྱེ་ཁམས་འཛུགས་སྐྲུན་གྱི“དམངས་སེམས་ལས་གཞི”རུ་བརྩིས་ནས་དམ་འཛིན་བྱས། 

“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”སྐབས་སུ། བསང་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་ལས་གཞིའི་ས་ཚིགས205ལག་བསྟར་བྱས་པར། ཤང་གྲོང14ཡི་རང་བྱུང་སྡེ་བ229ཡི་ཁྱིམ་ཚང8745ཡི་མི་གྲངས42115དང་འབྲེལ་ཞིང་། ཁྱིམ་ཚང1245ཡི་མི་གྲངས6072ལ་ཁེ་ཕན་ཐོབ། 2021ལོར། བསང་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ལས་གཞི44ལག་བསྟར་བྱེད་པའི་འཆར་གཞི་ཡོད་ཅིང་། དེའི་ཁྲོད་དུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ35དང་སྔར་བས་མཐོར་འདེགས་བསྒྱུར་བཀོད་བྱ་རྒྱུ3རིག་གནས་ཡུལ་སྐོར་དཔེ་སྟོན་སྡེ་བ3ཁོངས་ཡོངས་ཡུལ་སྐོར་ཆེད་ལས་སྡེ་བ3བཅས་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་གྱིས་རོང་འབྲོག་སྡེ་བའི་མི་སྡོད་ཁོར་ཡུག་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་ཆེན་པོ་བཏང་བ་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གོང་འཕེལ་བཏང་བ་བརྒྱུད། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།