"མཚོ་བོད་སྐར་ཁུང་གངས་ལྗོངས་ཀྱི་གཙོས་གྲོང"ཞེས་པའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་ཚོགས་འདུ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས13ཉིན་གྱི་སྔ་དྲོར། ལྷུག་རྩོམ་སྙན་ངག་དུས་དེབ་ཁང་དང་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། གཙོས་གྲོང་ཁྱེར་ཏང་ཨུ། གཙོས་གྲོང་ཁྱེར་སྲིད་གཞུང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“མཚོ་བོད་སྐར་ཁུང་གངས་ལྗོངས་ཀྱི་གཙོས་གྲོང”ཞེས་པའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་ཚོགས་འདུ་དང་། སྐབས་ཉི་ཤུ་བའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་སྨྱུག་ཚོགས་འགོ་བརྩམས་པའི་མཛད་སྒོ སྐབས་བཅུ་གཅིག་པའི“ཀྲུང་གོལྷུག་རྩོམ་སྙན་ངག་བྱ་དགའ་ཆེན་མོའི”བྱ་དགའ་སྤྲོད་པའི་མཛད་སྒོ་གཙོས་སུ་སྤེལ།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་པ་མ་ཟད་སྨྱུག་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན་གྱིས“མཚོ་བོད་སྐར་ཁུངགངས་ལྗོངས་ཀྱི་གཙོས་གྲོང”ཞེས་པའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་པའི་མིང་ཐོ་སྒྲོག་སྦྱང་བྱས།

སྙན་ངག་དཔྱད་བརྗོད་པ་གྲགས་ཅན་ནམ་ཀྲུང་གོ་སྙན་ངག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐང་ཞའོ་ཏུའུ་དང་། ཀྲུང་ཕྱིའི་ལྷུག་རྩོམ་སློབ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་ལྷུག་རྩོམ་སྙན་ངག་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཧྥུ་མིང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཨུ་ཡོན་ནམ་ཧུའུ་ནན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡུའེ་ཝུན་སོགས་རྒྱལ་ཡོངས་ས་གནས་སོ་སོ་ནས་ཕེབས་པའི་སྐུ་མགྲོན30ལྷག་མཛད་སྒོར་ཞུགས།

 “མཚོ་བོད་སྐར་ཁུངགངས་ལྗོངས་ཀྱི་གཙོས་གྲོང”ཞེས་པའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་འགྲན་བསྡུར་བྱ་འགོ་ཚུགས་པ་ནས་བཟུང་ཁྱོན་བརྩམས་ཆོས5000ལྷག་འབྱོར་བ་དང་། ཞིབ་བཤེར་ནན་མོ་བྱས་པ་བརྒྱུད་བླང་བྱ་དང་མཐུན་པའི་བརྩམས་ཆོས3266ཡོད་ལ། མིང་གབ་ནས་ཨང་རྟགས་སྒྲིག་པ་དང་ཐོག་མའི་དཔྱད་འདེམས། དཔྱད་བསྡུར་བསྐྱར་མ་བྱས་པ་བརྒྱུད་བརྩམས་ཆོས29ལ་བྱ་དགའ་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།