ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ལྔ་བའི་ཏུན་ཧོང་རིག་གནས་དངོས་མང་སྟོན་ཚོགས་དང་སྐབས་བཅུ་བའི་དར་གོས་ཚོང་ལམ་ཡུལ་སྐོར་དུས་ཆེན་ཟླ9པའི་ཚེས24ཉིན་ཏུན་ཧོང་ནས་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས། རྒྱུས་ལོན་ལྟར་ན། སྐབས་ལྔ་བའི་དར་གོས་ཚོང་ལམ(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་དང་སྐབས་བཅུ་བའི་ཏུན་ཧོང་དུ་བསྐྱོད་པའི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན(གཤམ་ནས་སྟོན་ཚོགས་གཅིག་དང་དུས་ཆེན་གཅིག་ཞེས་བསྡུ་རྒྱུ)ཟླ9པའི་ཚེས24ཉིན་ཏུན་ཧོང་ནས་མགོ་རྩོམ་རྒྱུ་རེད།

ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐིང་ཀྲང་ཁྲིན་ཝེ་ཀྲུང་གིས་མཚམས་སྦྱོར་ལྟར་ན། ད་ལོའི“སྟོན་ཚོགས་གཅིག་དང་དུས་ཆེན་གཅིག”གིས“དར་གོས་ཚོང་ལམ་གྱི་རིག་གནས་དངོས་མང་འགྲེམ་སྟོན་བྱེད་པ”བརྗོད་དོན་དུ་བཟུང་སྟེ། ཧན་གོ་རྒྱལ་ཁབ་དེ་སྐུ་མགྲོན་རྒྱལ་ཁབ་གཙོ་བོར་གདན་ཞུ་བྱས་ནས། འབྲེལ་ཡོད་ཀྱི་རིམས་འགོག་ཚོད་འཛིན་གྱི་བླང་བྱར་གཞིགས་ཏེ། དྲ་ཐོག་དང་ཡུལ་དངོས་ཟུང་སྦྲེལ་བྱེད་པ་དང་། དྲ་ཐོག་གཙོར་འཛིན་པའི་བྱེད་ཐབས་སྤྱད་དེ་འཚོགས་རྒྱུ་རེད།

རྒྱུས་ལོན་ལྟར་ན། ཐེངས་འདིའིསྟོན་ཚོགས་གཅིག་དང་དུས་ཆེན་གཅིག”གི་མགོ་རྩོམ་མཛད་སྒོའམ་མཐོ་རིམ་གྲོས་ཚོགས་དེ་ཟླ9པའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད9བར་སྤེལ་རྒྱུ་ཡིན་པ་དང་། དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་འཛིན་རྒྱུ་རེད།

མཚམས་སྦྱོར་ལྟར་ན། ཟླ9པའི་ཚེས24ཉིན་ནས་ཚེས30ཉིན་བར་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་འགྲེམ་སྟོན་དང་། “འཛམ་གླིང་སྟེང་ཏུན་ཧོང་འཚོལ་ཞིབ་བྱེད་པའི”ཏུན་ཧོང་གི་ཁ་ཐོར་ཏུ་སོང་བའི་རིག་དངོས་བསྐྱར་དཔར་འགྲེམ་སྟོན། དར་གོས་ཚོང་ལམ་གྱི་རིག་གནས་ཡུལ་སྐོར་ཚོང་ཟོག་འགྲེམ་སྟོན། ཁྲང་ཧྲ་ན་ཇུས་འགོད་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམ་སྟོན་བཅས་རིག་དངོས་དང་སྒྱུ་རྩལ། རིག་གནས་གསར་སྐྲུན་ཐོན་རྫས་སོགས་ཀྱི་འགྲེམ་སྟོན་ཚུད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།