ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་ལྷོའི་རྒྱ་སྒོ་གྲོང་ཚོའི་མང་ཚོགས་རྣམས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་མངོན་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

3.jpg

4.jpg

5.jpg

6.jpg

7.jpg

8.jpg

9.jpg

པར་འདི་དག་ནི་ལས་ཀར་ཞུགས་པའི་གྲོང་མི་ཚོ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྒྱ་སྒོ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་བོད་རིགས་ཀྱི་ལག་ཤེས་ཐོན་རྫས་བཟོ་གྲྭར་ས་གདན་དང་དཔུང་རྒྱན། བོད་ལྭ། སྐེ་དཀྲིས་སོགས་ཀྱི་ལག་བཟོའི་ཐོན་རྫས་བཟོ་བའི་ལས་ལ་བྲེལ་བ་དང་། ཁོ་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྨང་གཞིའི་སྟེང་དེང་རབས་གཞི་རྒྱུ་འདྲེས་པའི་ཐོན་རྫས་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། བོད་རིགས་ཀྱི་ལག་ཤེས་ཐོན་རྫས་བཟོ་གྲྭ་དེས་གྲོང་མི་ཚོ་རང་གི་རྒྱ་སྒོ་ཁ་ནས་ལས་ཞུགས་བྱས་ནས་ཡོང་འབབ་འཕར་བར་རམ་འདེགས་བྱས་པ་དང་ཆབས་ཅིག་བོད་རིགས་ཀྱི་སྲོག་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ། ཁྱད་ལྡན་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་ལྡན་པར་གྱུར། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།