ཀྲུང་གོ་བོད་ཀྱི་དྲ་བ།

གུར་ཆེན་གྲོང་རྡལ་དུ་རྣམ་པ་བསྒྱུར་བཀོད་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་ཀྱི་ནང་དུ། གུར་ཆེན་སྡེ་བ་རུ་སྔ་རྗེས་སུ་གེགས་རྗེས་བསྐྱར་སྐྲུན་དང་། ཉེན་ཁང་བསྒྱུར་བཀོད། སྲང་ལམ་གཙོ་བོའི་རྣམ་པ་བསྒྱུར་བཀོད། ཆུ་རགས་འཛུགས་སྐྲུན། སྡེ་བའི་སྲང་ལམ་ཞིག་གསོ། རིག་གནས་གཡུལ་ས་འཛུགས་སྐྲུན། ཉི་འོད་དྲོད་ཁང་འཛུགས་སྐྲུན། མི་ཕྱུགས་ཀྱི་འཐུང་ཆུ་འཐེན་པ། ཞིང་བསྐྱུར་ནགས་སྐྲུན། འབྲོག་པ་མང་ཚོགས་ཀྱི་གཞིས་ཆགས་སྡོད་གནས་དང་དེ་བཞིན་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་སོགས་དམངས་འཚོའི་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་ཏེ། འཐུང་ཆུ་དང་གཞུང་ལམ། གློག ཁ་པར། རླུང་འཕྲིན་དང་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་བས། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན།

    ཨ་མ་ཀྲང་ལགས་ནི་གུར་ཆེན་གྲོང་རྡལ་གུར་ཆེན་སྡེ་བའི་སྡེ་མི་ཞིག་ཡིན་ལ། ཁོ་མོས་བཤད་རྒྱུར། སྔོན་ཆད་ས་ཆ་འདི་ནི་གྲམ་ཐང་ཞིག་ཡིན། གད་སྙིགས་དང་ལུད་རྫས་སོགས་གང་སར་སྤུངས་ཡོད། ལོ་འདི་དག་གི་ནང་གྲོང་རྡལ་སྲིད་གཞུང་དང་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་དེ། གྲམ་ཐང་དེ་ནུབ་ཆུ་སྐྱེ་ཁམས་སྤྱི་གླིང་དུ་བསྐྲུན་ནས་མང་ཚོགས་རྣམས་ལ་སྤྲོ་གསེང་དུ་འགྲོ་བའི་གནས་ཤིག་མཁོ་སྤྲོད་བྱས་སོང་ཞེས་བཤད།

གུར་ཆེན་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཧྲེན་ཧའེ་ཧུང་གིས་བཤད་རྒྱུར། རྣམ་པ་བསྒྱུར་བཀོད་བྱས་པས་ང་ཚོའི་སྡེ་བའི་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཞིང་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད་ཅེས་བཤད།

 ཉེ་བའི་ལོ་འགར། གུར་ཆེན་གྲོང་རྡལ་གྱིས“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭ་དང“ལེ་དབར་བརྒྱ་ཡི་ཀླུ་ཆུའི་ཡུལ་སྲོལ་གོམས་གཤིས་ལམ་ཐིག”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་བ་དང་། ཞིང་སྡེའི“བཙོག ཟིང་། ཞན”གསུམ་ཀྱི་གནད་དོན་རྩ་བའི་སྟེང་ནས་ཐག་གཅོད་བྱས་ཤིང་། “ཁང་བ་རེ་ལ་ཁྱད་ཆོས་རེ་དང་། སྡེ་བ་རེ་ལ་མཛེས་ལྗོངས་རེ”ཡོད་པའི་མཛེས་སྡུག་ལྡན་པའི་རྣམ་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་པ་གསར་བ་བཏོད།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།