ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་རྒན་རྒོན་རྣམས་ཀྱིས་རྒན་གསོ་ཁང་དུ་ཚེ་མཇུག་ལ་རོལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་ཀན་ལྷོ་ཀླུ་ཆུ་རྫོང་གི་སྤྱི་ཚོགས་ཕྱོགས་བསྡུས་ཕན་བདེ་ཁང་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རོང་འབྲོག་གྲོང་ཚོའི་རྒན་གསོ་ཁང་དུ་བསྡད་དེ་གཅིག་བསྡུས་ཀྱི་རྒན་གསོ་ལོངས་སུ་སྤྱོད་པ་ནི་བོད་རིགས་རྒན་རྒོན་ཚོས་ཚེ་མཇུག་ལ་རོལ་བའི་འཚོ་བ་གསར་བ་ཞིག་ཏུ་གྱུར་ཡོད་ལ། སྔོན་ཆད་འབྲོག་པའི་འཚོ་བ་རོལ་བའི་བོད་ཀྱི་ཁྱིམ་ཚང་དུ་ན་གཞོན་དག་ཕྱི་རོལ་དུ་ཕྱུགས་འཚོ་རུ་སོང་ན། རྒན་པ་ཁྱིམ་དུ་བསྡད་ནས་ཁྱིམ་སྲུང་བ་རེད།

ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་འབྲོག་པའི་གཏན་སྡོད་ལས་དོན་ཐད་ཤུགས་བསྣན་པ་དང་བསྟུན། རོང་འབྲོག་མང་ཚོགས་ཁྲོད་ཀྱི་རྒན་པ་རྣམས་ལ་སྣ་མང་ཅན་གྱིི་ཞབས་ཏོག་ཞུ་བའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཀན་ལྷོ་ཁུལ་གྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་རྒན་གསོ་ཁང་འཛུགས་སྐྲུན་དང་། མཐོར་འདེགས་བསྒྱུར་བཀོད། ཁྱིམ་སྡོད་རྒན་གསོའི་ལས་གཉེར་ཁ་གསབ་དང་སྒྲིག་བཀོད་སྒྲིག་སྦྱོར་ཉམས་གསོ་སོགས་ཀྱི་ཕྱོགས་སུ་སྤྱད་པས། ད་ལྟའི་བར་དུ་གཞུང་གཉེར་རྒན་གསོ་ཁང59དང་རོང་འབྲོག་གྲོང་ཚོའི་ཕན་ཚུན་རོགས་རེས་བདེ་སྐྱིད་གླིང320བཙུགས་ཡོད་པ་རེད།

ཉམས་གསོ་བྱས་པའི་རྒན་གསོ་ཁང་དུ་མིག་མངས་ཁང་དང་། དཔེ་ཀློག་ཁང་། ལུས་སྦྱོང་ཁང་སོགས་ཀྱི་སྒྲིག་གཞི་ཆ་ཚང་ཡོད་པ་མ་ཟད། དང་བླངས་པ་དུས་ལྟར་ཡོང་ནས་རྒན་པ་རྣམས་ལ་ཁ་བརྡ་བྱེད་པ་དང་ཁྱིམ་ལས་ལས་རོགས་བྱེད་པ་རེད། རྒན་གསོ་ཁང་མང་པོས་ད་དུང་ས་གནས་ཀྱི་སྡེ་ཁུལ་དང་གྲོང་གསེབ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་སྨན་དོན་ཞབས་ཞུའི་གྲོས་མཐུན་གན་རྒྱ་བཞག་ནས། དུས་ལྟར་རྒན་གསོ་ཁང་གི་རྒན་པ་རྣམས་ལ་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་བསྒྲུབས་པ་ལས་གཞན། རྒན་པ་དག་གི་གཞི་རྩའི་འགྲོ་སོང་སྲིད་གཞུང་གིས་འགན་ཁུར་བ་དང་། རྒན་པ་ཚོས་ད་རུང་ཟླ་རེར་ད་དུང་དངུལ་ཉུང་ཉུང་རེ་ལེན་ཞིན་ཡོད། །

4.jpg

པར་འདི་ནི་ལས་དོན་མི་སྣས་རྒན་མོ་ཞིག་གི་སྐྲ་བཞར་བཞིན་པའི་ཚུལ་རེད། 

5.jpg

པར་འདི་ནི་རྒན་གསོ་ཁང་ནང་གི་བོད་ཀྱི་རྒན་པོ་ཞིག་རེད།

6.jpg

པར་འདི་ནི་ལས་དོན་མི་སྣ་དང་རྒན་པ་ཚོའི་མཉམ་པར་རེད།

7.jpg

པར་འདི་ནི་ལས་དོན་མི་སྣས་རྒན་རྒོན་རྣམས་ལ་ཉིན་གུང་གི་ཟ་མ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

8.jpg

པར་འདི་ནི་ནད་གཡོག་པ་ཞིག་གིས་རྒན་པོ་ཞིག་ལ་ཁབ་རྒྱག་བཞིན་པའི་ཚུལ་རེད། 

9.jpg

པར་འདི་ནི་ལས་དོན་མི་སྣས་རྒན་པོ་ཞིག་གི་སྐྲ་བཞར་བཞིན་པའི་ཚུལ་རེད། 

W020210903568923394691.jpg

པར་འདི་ནི་ལས་དོན་མི་སྣས་རྒན་པོ་ཞིག་ལ་ལུས་མཉེད་བྱེད་པའི་ཚུལ་རེད། 

W020210903568923397736.jpg

པར་འདི་ནི་ལས་དོན་མི་སྣ་རྒན་པོ་ཞིག་དང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།