ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་བྲག་སྒམ་ནང་ལྗོངས་ཁུལ་གྱི་མཛེས་ཉམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2021ལོར་སླེབས་པའི་ཚུན། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་གདོད་མའི་རྣམ་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། བྲག་སྒམ་ནང་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་འགུལ་སྐྱོད་ལག་བསྟར་བྱས་པ་བརྒྱུད། མི་སྒེར་གྱི་གང་བྱུང་འཛུགས་སྐྲུན་བཤིག་པ་དང་། ལྷས་རའི་སྤྱོད་ཁང་བསྒྱུར་བཀོད། སྒོ་ར་སྙོམས་པ། གྲོང་གསེབ་གཞུང་ལམ་ལེགས་བཅོས། ཆུ་གློག་མཁོ་འདོན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་བཅས་ཀྱི་ཕྱོགས་ནས་གཞིར་བཟུང་སྟེ། གྲོང་གསེབ་ལྗོངས་ཁུལ་རང་བཞིན་དུ་མཐོར་འདེགས་དང་བསྒྱུར་བཀོད་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་བྲག་སྒམ་ནང་ལྗོངས་ཁུལ་གྱི་རང་བྱུང་དང་རིག་གནས་མཛེས་ལྗོངས་མངོན་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལམ་བུ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བ་དང་ཆབས་ཅིག་ཏུ་ཡུལ་སྐོར་བ་རྣམས་ལ་ཡུལ་ལྗོངས་ལྟ་སྐོར་གྱི་མྱོང་ཚོར་གསར་བ་ཉམས་ལེན་བྱེད་དུ་བཅུག་པ་རེད།

བྲག་སྒམ་ནང་ནི་ཐེ་བོ་རྫོང་ནུབ་བྱང་རྒྱུད་ཀྱི་སྤྱི་ལེ30ཙམ་གྱི་གཡི་བ་ཤང་དུ་ཡོད་པ་དང་། གནས་དེའི་ཕུན་སུམ་ཚོགས་པའི་ནགས་ཚལ་དང་རྩྭ་ཐང་། ཆུ་ཁུངས་སོགས་ཀྱི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་རྣམ་པ་ཕན་ཚུན་ཁ་གསབ་དང་མཉམ་འདྲེས་ཀྱིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་དུ་གྱུར་ཡོད། །

1.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་རེད།

2.jpg

པར་འདི་ནི་བྲག་སྒམ་ནང་དུ་ཡུལ་སྐོར་བྱེད་བཞིན་པའི་མི་རྣམས་རེད། 

3.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་གི་མཛེས་ལྗོངས་རེད།

4.jpg

པར་འདི་ནི་ཡུལ་སྐོར་པ་རྣམས་བྲག་སྒམ་ནང་དུ་ཡུལ་སྐོར་བྱེད་བཞིན་པའི་ཚུལ་རེད། 

5.jpg

པར་འདི་ནི་བྲག་སྒམ་ནང་གི་གྲོང་མི་འགའ་རླངས་འཁོར་ལས་མར་འབབ་བཞིན་པའི་ཚུལ་རེད།

6.jpg

པར་འདི་ནི་བོད་ལྭ་གྱོན་པའི་ཡུལ་སྐོར་པ་རེད།

7.jpg

པར་འདི་ནི་ཡུལ་སྐོར་པ་ཞིག་གིས་བོད་ལྭ་འདེམ་བཞིན་པའི་ཚུལ་རེད།

8.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་གི་མཛེས་ལྗོངས་རེད།

9.jpg

པར་འདི་ནི་བྲག་སྒམ་ནང་དུ་རྟ་ཞོན་བཞིན་པའི་ཡུལ་སྐོར་བ་རེད། 

10.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་གི་མཛེས་ལྗོངས་རེད།

11.jpg

པར་འདི་ནི་ཡུལ་སྐོར་པས་བྲག་སྒམ་ནང་ལྗོངས་ཁུལ་དུ་པར་ལེན་བཞིན་པའི་ཚུལ་རེད། 

13.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་གི་མཛེས་ལྗོངས་རེད།

14.jpg

པར་འདི་ནི་གྲོང་མི་གཡང་མཚོས་རང་ཁྱིམ་ནས་ཇ་སྟེགས་གཙང་སྦྲ་བྱེད་བཞིན་པའི་ཚུལ་རེད། 

15.jpg

པར་འདི་ནི་གྲོང་མི་ཞིག་གིས་མགྲོན་ཁང་གཙང་སྦྲ་བྱེད་བཞིན་པའི་ཚུལ་རེད།

16.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་རེད།

17.jpg

པར་འདི་ནི་ཡུལ་སྐོར་པ་ཞིག་གིས་པར་རྒྱག་བཞིན་པའི་ཚུལ་རེད།

18.jpg

པར་འདི་ནི་ལས་དོན་མི་སྣ་ཞིག་གིས་སྒེའུ་ཁུང་འཛུགས་བཞིན་པའི་ཚུལ་རེད།

19.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་གི་མཛེས་ལྗོངས་རེད།

20.jpg

པར་འདི་ནི་ཟླ8པའི་ཚེས28ཉིན་བླངས་པའི་བྲག་སྒམ་ནང་གི་མཛེས་ལྗོངས་རེད།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།