ཀན་ལྷོ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དངོས་བྲིས་གློག་བརྙན《དམར་པོའི་ཀན་ལྷོ》ཞེས་པ་དངོས་སུ་འགྲེམ་སྟོན་བྱས།

ཀན་ལྷོ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དངོས་བྲིས་གློག་བརྙན《དམར་པོའི་ཀན་ལྷོ》ཞེས་པ་དངོས་སུ་འགྲེམ་སྟོན་བྱས།

a093-86e526460373f19af60df3a064489773.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། ལེའུ་དགུ་ཅན་གྱི་དངོས་བྲིས་གློག་བརྙན《དམར་པོའི་ཀན་ལྷོ》ཐོག་མར་འགྲེམ་སྟོན་བྱེད་པའི་མཛད་སྒོ་ལན་ཀྲོའུ་གྲོང་ཁྱེར་དུ་བསྡུས་ཤིང་། གློག་བརྙན་དེ་ནི་ཀན་སྲུའུ་ཞིང་ཆེན་ཀན་ལྷོ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཟླ་ངོ་བཞི་ལྷག་གི་དུས་ཡུན་བེད་སྤྱད་དེ་ཕབ་སྐྲུན་བྱས་པ་ཡིན།

98f3-e60065202b9fbe06bb52331ad8886565.jpg

གློག་བརྙན་འདིའི་འཁྲབ་ཁྲིད་པ་གཙོ་བོ་ལི་ཅན་ཕིང་གིས་བཤད་རྒྱུར། མཛེས་ཤིང་སྡུག་པའི་ཀན་ལྷོའི་ས་གཞི་སྟེང་གཏིང་ཟབ་པའི་གསར་བརྗེའི་ཐོན་ཁུངས་ཡོད་པ་དེས་བརྩམས་ཆོས་འདི་ཕབ་སྐྲུན་བྱེད་པར་མཐུན་རྐྱེན་མང་པོ་བསྐྲུན་ཡོད། ལོ་རྒྱུས་དོན་དངོས་ཡང་དག་གི་རྨང་གཞིའི་སྟེང་། ང་ཚོས་བྱེ་རིས་དང་དངོས་བྲིས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ། གློག་བརྙན་ལ་ཡིད་འགུག་གི་ཚོར་བ་བསྩལ་ཡོད་པས། ལྟད་མོ་བ་རྣམས་ལ་ཐུན་མོང་མ་ཡིན་པའི་གཟིགས་མོའི་ཉམས་ལེན་ཐོབ་ཐུབ་པའི་རེ་བ་ཡོད་ཟེར།

290c-2a972750d910deb9ac00e5647ddc5f98.jpg

ཀན་ལྷོ་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་མཱ་ཡུས་ཀྱིས་ཐོག་མའི་འགྲེམ་སྟོན་སྟེང་བཤད་རྒྱུར། དངོས་བྲིས་གློག་བརྙན《དམར་པོའི་ཀན་ལྷོ》ཞེས་པའི་རིག་གནས་གློག་བརྙན་རྣམ་གྲངས་ཕབ་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་རིག་རྩལ་བརྩམས་ཆས་ཕུལ་བྱུང་གསར་རྩོམ་བཟོ་འགོད་གལ་ཆེན་ལག་བསྟར་བྱེད་པ་བརྒྱུད་ཀན་ལྷོའི་གསར་བརྗེའི་ལོ་རྒྱུས་རིག་གནས་བརྒྱུད་རིམ་ལྡན་པའི་ངང་སྔོག་འདོན་དང་ལེགས་སྒྲིག་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་སྔར་ལས་ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པའི་ས་གནས་དེའི་བསླབ་གཞི་ཁ་སྣོན་བྱ་རྒྱུ་དང་། གསར་བརྗེའི་རིག་གནས་དྲིལ་བསྒྲགས་ཀྱི་དཔེ་མཚོན་བཟོ་འགོད་བསྐྲུན་ཏེ། གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་དྲན་ཤེས་འཚོལ་བ། གསར་བརྗེའི་ཁྲག་རྒྱུན་རྒྱུད་འཛིན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་ཆེད་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།