ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་སྔོན་འགོག་གི་རྐྱེན་གྱིས་ཀན་ལྷོའི་མཛེས་ལྗོངས་ཁུལ་མང་པོ་ཞིག་གི་སྒོ་བརྒྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡིས་ཟླ8པའི་ཚེས8ཉིན་སྤྱི་བསྒྲགས་སྤེལ་བར། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་དགོས་མཁོར་གཞིགས་ནས། དེ་རིང་ནས་བཟུང་བསང་ཆུ་རྫོང་གི་མཛེས་ལྗོངས་ཁུལ་ཚང་མའི་སྒོ་རྒྱག་རྒྱུ་ཡིན་པ་དང་། དུས་ནམ་ཞིག་ལ་སྒོ་ཕྱེ་མིན་དེ་ཟུར་དུ་བརྡ་གཏོང་རྒྱུ་ཡིན་ཞེས་བསྟན། 

微信图片_20210809090010.png

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡིས་ཀྱང་བརྡ་ཐོ་བསྒྲགས་པ་དང་། གཙོས་གྲོང་ཁྱེར་གྱིAརིམ་པའི་མཛེས་ལྗོངས་ཁུལ་ཚང་མའི་སྒོ་རྒྱག་རྒྱུ་ཡིན་པ་དང་། དེའི་ནང་དུང་ཕྲུག་རྩྭ་ཐང་དང་སྲས་མཁར་དགུ་ཐོག་སོགས་འདུས་ཡོད། 

དེ་དང་མཉམ་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མ་གནས་སྐབས་སུ་སྒོ་རྒྱག་རྒྱུ་རེད། ཀླུ་ཆུ་ལྷ་མོ་དགོན་པ་དང་མཚོ་ཉིན་སྐྱེ་ཁམས་ཡུལ་སྐོར་ས་ཚུགས་དང་། རྫས་ཚའི་རྡོ་ཚལ་མཛེས་ལྗོངས་ཁུལ་གྱིས་ཀྱང་སྔ་རྗེས་སུ་སྒོ་རྒྱག་རྒྱུ་ཡིན་པའི་བརྡ་བཏང་ཡོད། 

ཟླ8པའི་ཚེས8ཉིན་གྱི་ཉིན་གུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བཱ་ཙེ་རྫོང་འབྲུག་མཚོ་མཛེས་ལྗོངས་ཁུལ་དང་ཐེ་བོའི་བྲག་སྒམ་ནང་མཛེས་ལྗོངས་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོར་རམ་འདེགས་བྱ་ཆེད། མཛེས་ལྗོངས་ཁུལ་གཉིས་ཀྱི་སྒོ་རྒྱག་རྒྱུ་ཡིན་པ་དང་། དུས་ནམ་ཞིག་ལ་སྒོ་ཕྱེ་མིན་ཟུར་དུ་བརྡ་གཏོང་རྒྱུ་ཞེས་སྤྱི་བསྒྲགས་སྤེལ་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།