ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གནས་སྤོར་བའི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཙོས་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཉེ་ལམ་ལས་གཉེར་ཚོམས་ཆེན་གསར་པར་སྤོར་བ་དང་། ལས་དོན་སྒྲུབ་པའི་རྣམ་གྲངས་ཚང་མ་ལས་གནས་གསར་པར་སྤོར་ཡོད། འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱས་པ་གཤམ་ལྟར།

གཅིག གནས་སྤོར་དུས་ཚོར།

གཙོས་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས2021ལོའི་ཟླ8པའི་ཚེས2ཉིན་ནས་ཚེས5ཉིན་བར(གཟའ་ཟླ་བ་ནས་པ་སངས་བར)གནས་སྤོར་རྒྱུ་ཡིན་པ་དང་། དེའི་སྐབས་སུ། ཚོམས་ཆེན་གྱི་ལས་དོན་ཚང་མ་མཚམས་འཇོག་རྒྱུ་ཡིན།

གཉིས། གནས་སྤོར་ས་གནས། 

ཀན་ལྷོ་ཁུལ་གློག་འཕྲིན་ཀུང་སིའི་གཅིག་ཐོག(ཕན་བྱན་ལམ་རེན་པའོ་ཐོག་ཁང་ཆེན་མོའི་ཁ་གཏད།)

གསུམ། གཞུང་སྒྲུབ་དུས་ཚོད། 

གཟའ་ཟླ་བ་ནས་གཟའ་པ་སངས་བར།(ཁྲིམས་མཐུན་གུང་གསེང་ཕུད)སྔ་དྲོར8:30—12:00 ཕྱི་དྲོར14:30—18:00

བཞི་བ། དོན་ཚན་གཞན་དག

སྲིད་དོན་ཚོམས་ཆེན་གསར་པ2021ལོའི་ཟླ8པའི་ཚེས6ཉིན(གཟའ་པ་སངས)དངོས་སུ་སྤྱོད་མགོ་རྩོམ་རྒྱུ་ཡིན་པས། ལས་དོན་སྒྲུབ་པར་ཡོང་བའི་མང་ཚོགས་ཚོས་རང་འགུལ་ངང་ཁ་ཐུམ་རྒྱག་དགོས་པ་དང་། ལས་དོན་མི་སྣའི་ཐོ་འགོད་དང་དྲོད་གྲངས་འཇལ་བའི་བྱ་བར་རམ་འདེགས་བྱེད་དགོས། 

སྤྱི་ཚོགས་ལས་རིགས་སོ་སོས་གཙོས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུ་ལ་ལྟ་རྟོག་ཐེར་འདོན་བྱེད་པ་དང་། རྩ་ཆེ་བའི་བསམ་འཆར་དང་གྲོས་གཞི་འདོན་པར་ལྷག་བསམ་དྲོན་མོའི་དགའ་བསུ་ཡོད། གནས་སྤོར་ལས་ཁྱེད་ལ་སྟབས་མི་བདེ་བ་བཟོས་ཡོད་ན་བཟོད་གསོལ་ཞུ།


གཙོས་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས། 

2021ལོའི་ཟླ8པའི་ཚེས1ཉིན་ལ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།