ཀྲུང་གོ་བོད་ཀྱི་དྲ་བ།

རྒན་གྱའི་ལུག་ཞིང་ཆེན་རིམ་པའི་ས་ཁམས་མཚོན་རྟགས་ཞིང་ལས་ཐོན་རྫས་སུ་བདམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས29ཉིན་ནས་ཚེས31ཉིན་བར། ཀན་སུའུ་ཞིང་ཆེན་ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་བརྟག་དཔྱད་ཚད་འཇལ་ལྟེ་གནས(ཀན་སུའུ་ཞིང་ཆེན་ལྗང་མདོག་ཟས་རིགས་གཞུང་ལས་ཁང)ཀྱིས་ཀན་སུའུ་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་གི་འཐུས་ཚབ་བྱས་ཏེ་ཆེད་མཁས་པ་རྩ་འཛུགས་བྱས་ནས་བསང་ཆུ་རྫོང་ནས“བསང་ཆུའི་རྒན་གྱའི་ལུག”ས་ཁམས་མཚོན་རྟགས་ཞིང་ལས་ཐོན་རྫས་ཐོ་འགོད་དང་ཡུལ་དངོས་ཀྱི་ཞིབ་བཤེར་དང་རྒྱུ་སྤུས་བརྟག་དཔྱད་ལས་དོན་སྤེལ། 

1.png

ཆེད་མཁས་པས་སྔ་མཇུག་ཏུ་བསང་ཆུ་རྫོང་རྒན་གྱ་གྲོང་རྡལ་དང་བསང་ཁོག་གྲོང་རྡལ། ཁོ་ཚེ་གྲོང་རྡལ། པ་གྱོ་ཧོན་ཡེ་རྒན་གྱའི་བོད་ལུག་གསོ་སྤེལ་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་དང་། ཨ་མདོ་སྡེ་ཚོགས་དྭངས་གཙང་ཟས་རིགས་ལས་སྣོན་བཟོ་གྲྭ། རྒན་གྱའི་ལུག་གི་དབྱར་ས་སོགས་སུ་ཕྱིན་ནས། “བསང་ཆུའི་རྒན་གྱའི་ལུག”གསོ་བའི་ཁོར་ཡུག་དང་རིགས་རྒྱུད། ཁྱད་ཆོས། ཐོན་སྐྱེད་ནུས་པ། ཚོང་རའི་འགུག་ཤུགས་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་སོགས་ཀྱི་ཕྱོགས་ལ་ཡུལ་དངོས་བརྟག་དཔྱད་བྱས་པ་དང་། “བསང་ཆུའི་རྒན་གྱའི་ལུག་གི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་དང་རྒྱུ་སྤུས་བརྟག་དཔྱད་ཚོགས་འདུ”བསྡུས། 

2.jpg

ཆེད་མཁས་པས་བརྟག་དཔྱད་བྱས་རྗེས་ཚང་མས་མགྲིན་གཅིག་ཏུ“བསང་ཆུའི་རྒན་གྱའི་ལུག”གི་གཟུགས་བྱད་ཀྱི་ཁྱད་ཆོས་དེ་ཡར་ཞུ་བྱས་པའི་རྒྱུ་ཆ་དང་མཐུན། ཁྱད་ཆོས་འབུར་དུ་ཐོན་ཞིང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་དང་། ཡུལ་དངོས་བརྟག་དཔྱད། རྒྱུ་སྤུས་བརྟག་དཔྱད་བཅས་ཀྱི་ཆ་རྐྱེན་དང་འཚམ་པས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་ལེགས་གྲུབ་བྱུང་། 

3.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།