པཎ་ཆེན་མཆོག་བླ་བྲང་དགོན་དུ་ཕེབས་ནས་སྨོན་ལམ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་བླ་བྲང་དགོན་དུ་པཎ་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་སྟོང་ཕྲག་ལྷག་ལ་དབང་བསྐུར་བའི་སྨོན་ལམ་འཚོགས་པ་དང་། ཧོ་ནན་གྱི་རང་བྱུང་གནོད་འཚེ་མྱུར་དུ་བཟློག་ཅིང་། པྲོག་གསར་གློ་ཚད་རིམས་ནད་མྱུར་དུ་ཡལ་ཏེ། ཀྲུང་ཧྭའི་རྒྱལ་སྲིད་སྟོབས་འབྱོར་ལྡན་ཞིང་མི་རིགས་མཐུན་སྒྲིལ་ཡོང་བའི་སྨོན་ལམ་བཏབ། 

ཤེས་གསལ་ལྟར་ན། པཎ་ཆེན་མཆོག་གིས་ཐེངས་འདིའི་ཆོས་ཀྱི་ཆོ་ཀའི་ཁྲོད་བྱུང་བའི་འབུལ་རྟེན་ཚང་མ་ཧོ་ནན་གནོད་ཁུལ་དུ་ཕུལ་ཏེ། བོད་བརྒྱུད་ནང་བསྟན་དང་སྒོས་སུ་ཀན་ལྷོའི་བོད་བརྒྱུད་ནང་བསྟན་གྱིས་གནོད་ཁུལ་ལ་བཅངས་བའི་བརྩེ་སེམས་མཚོན། 

པཎ་ཆེན་མཆོག་གིས་བསྟན་དོན། ཐེངས་འདིའི་བྱེད་ཐབས་ལ་བརྟེན་ནས། བོད་བརྒྱུད་ནང་བསྟན་གྱི་གྲྭ་འཛིན་མང་པོ་དང་ལྷག་པར་བླ་སྤྲུལ་གཞོན་རབས་དག་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རྣམས་ཀྱིས་སྤྱི་ཚོགས་སྤྱི་ཕན་བྱ་བའི་ཁྲོད་ཟབ་ཞུགས་བྱས་ཏེ། མེས་རྒྱལ་དང་མི་དམངས་ལ་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།