ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་མུ་འབྲེལ་ཀློག་དེབ་གཅིག་རྗེས་གཉིས་མཐུད་ངང་དཔེ་སྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀན་ལྷོ་ཁུལ་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ཟླ11པ་ནས་བཟུང་ཀན་ལྷོ་ཁུལ་གྱི་བོད་སྐད་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་སྒོའི་འཇོན་ཐང་ལྡན་པའི་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་འཚོལ་བསྡུ་ལེགས་སྒྲིག་དང་ཡིག་སྒྱུར་བྱས་པའི《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་མུ་འབྲེལ་ཀློག་དེབ》སྔ་གཞུག་ཏུ་དཔེ་སྐྲུན་བྱས། མུ་འབྲེལ་ཀློག་དེབ་དེ་ཀན་ལྷོ་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཤེས་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་དུ་བྱས་ཆོག་ལ། ཀན་ལྷོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞིབ་འཇུག་བྱེད་པའི་འབྲེལ་ཡོད་མི་སྣར་དགེ་མཚན་ལྡན་པའི་དཔྱད་གཞིའང་འདོན་སྤྲོད་བྱེད་སྲིད། 

དེའི་ཁྲོད《ཀན་ལྷོ་ཁུལ་གྱི་ཁོངས་ཡོངས་ཡུལ་སྐོར་གྱི་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་སྐྲུན་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཀློག་དེབ》ཅེས་པ་རྩོམ་སྒྲིག་བྱས་ཟིན་པ་དང་། དེར་ཡིག་འབྲུ་ཁྲི12ལྷག་ཡོད་ཅིང་བསྡོམས་པས་དེབ་སྟོང5པར་པར་སྐྲུན་བྱས། དཔེ་དེབ་དེའི་ནང་བོད་རྒྱ་སྐད་ཡིག་གཉིས་བསྡུར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”དགོངས་པ་གལ་ཆེན་སྔར་ལས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། ཀན་ལྷོ་ཁུལ་གྱི་ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་སྐྲུན་པའི་བྱ་བའི་ཉམས་མྱོང་དང་གཡུར་ཟའི་གྲུབ་འབྲས་ཕྱོགས་སྡོམ་བྱས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“ཁོར་ཡུག་གསར་བརྗེའི”འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་གསོན་ཉམས་ལྡན་པའི་ལག་ལེན་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས། 《ཀན་ལྷོ་ཁུལ་གྱི“མེད་པ་ལྔ”ཞེས་པའི་ཀན་ལྷོའི་མིང་བྱང་གི་བོད་རྒྱ་སྐད་ཡིག་གཉིས་ཀྱི་དྲིལ་བསྒྲགས་ཀློག་དེབ》(སྟོད་དེབ)ཀྱང་རྩོམ་སྒྲིག་ལེགས་འགྲུབ་བྱས་ཡོད་པས། དེ་དག་ལ་བརྟེན་ནས་ཐུན་མོང་སྒོས“ལྔ་མེད་ཀན་ལྷོ”བསྐྲུན་པར་རམ་འདེགས་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།