འགྲུལ་སྐྱེལ་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་སྟེང་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་ཞིང་མི13རྐྱེན་ལམ་དུ་ཤོར།

微信图片_20210728160211.jpg

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས27ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་ཕིང་ལིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། ཚེས26ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་དེའི་ཁོངས་ཀྱི་ཆིན་ཏའོ་ནས་ལན་གྲུ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་། མི13གྱི་ཚེ་སྲོག་ཤོར་བ་དང་མི47ས་གནས་དེ་གའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད། མིག་སྔར་ཡུལ་དངོས་ཀྱི་མྱུར་སྐྱོབ་ལས་དོན་མཇུག་སྒྲིལ་ཤིང་གཞུང་ལམ་ཕྱོགས་ཡོངས་ནས་སླར་གསོ་ཤར་གཏོང་ཐུབ་ཡོད། ཕིང་ལིང་གྲོང་ཁྱེར་གྱིས“7·26”འགྲིམ་འགྲུལ་དོན་རྐྱེན་འཕྲལ་སྒྲུབ་ཐག་གཅོད་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཡོད་པ་དང་། ནུས་ཤུགས་ཆེན་པོས་རྨས་མ་སྐྱོབ་བཞིན་ཡོད།

ཚེས26ཉིན་གྱི་ཆུ་ཚོད14དང་སྐར་མ10ཡས་མས་སུ་ཧོ་ནན་ཞིང་ཆེན་ནས་ཡིན་པའི་ཁ་ལོ་བ་ལི་ཆེ་གེ་མོས་ཧོ་ནན་ཞིང་ཆེན་ཆི་མིང་ལྗོངས་རྒྱུའི་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་སིའི་འཁོར་རྟགས་ཡུས(豫) AX5006ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་སྐོར་ཏེ། ཧོ་ནན་ཀྲེང་དབྱང་རྫོང་ནས་མཚོ་སྔོན་ན་གོར་མོ་རུ་འཕང་འབྲས་འཐུ་བར་བསྐྱོད་པ་རེད། ཤར་ནས་ནུབ་དུ་བསྐྱོད་བཞིན་པའི་ལམ་བར་གྱི་ཆིང་ལན་མྱུར་བགྲོད་གཞུང་ལམ1487km མཚམས་སུ་རླངས་འཁོར་ལམ་དཀྱིལ་གྱི་བར་བརྒལ་མཚམས་སུ་གདོང་སྟེ་འགྲིམ་འགྲུལ་དོན་རྐྱེན་བྱུང་འདུག

ཤེས་རྟོགས་བྱུང་བ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དེའི་ནང་དུ་འགྲུལ་བ63བསྡད་ཆོག་པ་དང་དངོས་སུ་འགྲུལ་བ63ཡོད་ལ། ཞིབ་བཤེར་དུས་ཡུན2021ལོའི་ཟླ7པའི་ཚེས31ཉིན་བར་རེད། ཁ་ལོ་བ་ལི་ཆེ་གེ་མོ་ལོ44ཡིན་པ་དང་། ཧོ་ནན་ཞིང་ཆེན་གྱི་མི་རེད། A1ཅན་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་འཛིན་ཡིག་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།