ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་ལ་ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་གཙོ་གནད་ལས་གཞི་འཛུགས་སྐྲུན་མུ་མཐུད་དུ་འཕར་བ་སྲུང་འཛིན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས24ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་གཞི་འཛུགས་སྐྲུན་དོ་དམ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ལོ་སྟོད་ལ། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་གཏན་འཇགས་རྒྱུ་ནོར་ཐད་དངུལ་གཏོང་བྱེད་ཚད7%འཕར་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། རང་འགུལ་གྱིས་སྒྲུབ་པ་དང་མཉམ་ལས་ཤུགས་སྒྲིལ། ནུས་མཐོའི་སྐུལ་འདེད་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱེད་ཚད་མུ་མཐུད་དུ་བྱ་བའི་ཕན་འབྲས་མཐོ་བ་དང་འཕར་ཚད་བཟང་བ་རྒྱུན་འཁྱོངས་བྱས།

ཟླ1པོ་ནས་ཟླ6པའི་བར། ཞིང་ཆེན་རིམ་པའི་གཙོ་གནད་ལས་གཞི208ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར876.74ལེགས་འགྲུབ་བྱས་ཤིང་། 2020ལོའི་དུས་མཉམ་དང་བསྡུར་ན་སྒོར་དུང་ཕྱུར231.46ཇེ་མང་དུ་སོང་ལ་འཕར་ཚད35.87%ལ་སླེབས་པ་དང་། ལོ་ཧྲིལ་བོའི་འཆར་འགོད་དངུལ་གཏོང་གི46.67%ལེགས་འགྲུབ་བྱས་པས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཚེག10.41འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།