ད་ལོའི་ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་གྱི་དཔལ་འབྱོར་བརྟན་བརླིང་ཁྲོད་འཕེལ་རྒྱས་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས21ཉིན་གྱི་ཕྱི་དྲོར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི2021ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་མགྱོགས་མྱུར་སྒོས་སླར་གསོ་བྱུང་སྟེ། སྤྱི་ཆ་ནས་བརྟན་བརླིང་ཡིན་པ་དང་། བརྟན་བརླིང་ཁྲོད་འཕེལ་རྒྱས་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་གཅིག་གྱུར་ཞིབ་རྩིས་མཇུག་འབྲས་ལྟར་ན། ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར4748.2ལ་སླེབས་པ་དང་དུས་མཉམ་ལས10.5%འཕར། ལོ་གཉིས་ལ་ཆ་སྙོམས་སུ5.9%འཕར་ཏེ། དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་ཚེག1.3འཕར་ཡོད།

ཐོན་ལས་ཕྱོགས་ནས་བལྟས་ན། ཐོན་ལས་དང་པོར་འཕར་བའི་རིན་ཐང་སྒོར་དུང་ཕྱུར337.7ལ་སླེབས་པ་དང་དུས་མཉམ་ལས11.6%འཕར་ཏེ། ལོ་གཉིས་ལ་ཆ་སྙོམས་སུ8.7%འཕར་ཡོད། ཐོན་ལས་གཉིས་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར1613.2ལ་སླེབས་པ་དུས་མཉམ་ལས9.9%འཕར་ཏེ། ལོ་རེར་ཆ་སྙོམས་སུ5.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར2797.3ལ་སླེབས་པ་དང་དུས་མཉམ་ལས10.7%འཕར་ཏེ། ལོ་གཉིས་ལ་ཆ་སྙོམས་སུ5.7%འཕར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།