ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་ལ་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས19ཉིན་གྱི་སྔ་དྲོ་ལན་ཀྲོའུ་འགག་སྒོས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་གྱིས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར252མངོན་འགྱུར་བྱས་པ་དེ་དུས་མཚུངས་ལས48.6%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང7པར་སླེབས་ཡོད། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར41.2ཟིན་པ་དང་དུས་མཚུངས་ལས3%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར213.8ཟིན་པ་དང་དུས་མཚུངས་ལས62.5%འཕར་ཡོད། 

ད་ལོའི་ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གིས་ཚོང་དོན་རོགས་ཟླ་གཙོ་བོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་བའི་རྣམ་པ་བཟང་པོ་མངོན་ཡོད་པ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་ངང་འཕར་ནས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར118.7ཟིན་པ་དང་། དེ་དུས་མཚུངས་ལས51%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི46.5%ཟིན་ཡོད། ཁོངས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན(REP)གྱི་ཚོང་དོན་རོགས་ཟླར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར45.2ལ་སླེབས་པ་དང་། དུས་མཚུངས་ལས46.4%འཕར་ཡོད། 

ཀན་སུའུ་ཞིང་ཆེན་གྱི་སྤྱིར་བཏང་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཆེས་ཆེར་འཕར་བ་དང་ཚོང་དོན་བྱེད་སྟངས་ཀྱི་གྲུབ་ཆ་མུ་མཐུད་སུ་ཇེ་ལེགས་སུ་ཕྱིན་ཡོད། ལོ་སྟོད་དུ་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར172.3ཟིན་པ་དེ་དུས་མཚུངས་ལས51.3%འཕར་ཡོད། ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར57.7ཟིན་པཞིང་དུས་མཚུངས་ལས16.4%འཕར་ཡོད། དམངས་གཉེར་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ནི་ཀན་སུའུ་ཞིང་ཆེན་གྱི་ཕྱིར་གཏོང་དང་ནང་འདྲེན་གྱི་གཙོ་ཤུགས་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཀྱིས་སྒོར་དུང་ཕྱུར34.8ཕྱིར་གཏོང་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་དགུ་ཙམ་ཟིན་པ་དང་། གཞུང་ཁོངས་ཁེ་ལས་ཀྱིས་སྒོར་དུང་ཕྱུར158.3ནང་འདྲེན་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་བདུན་ལྷག་ཟིན་ཡོད། ལན་ཀྲོའུ་ཁུལ་གསར་གྱི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར37.8ལ་སླེབས་པ་ད་ང། དེ་དུས་མཚུངས་ལས་ལྡབ3.9འཕར་ཡོད་པ་རེད།   ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།