ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་སུའུ་བླ་བྲང་དགོན་པའི་གཞི་ཁྱོན་ཆེ་བའི་སྤྱི་ཡོངས་སྲུང་སྐྱོབ་ཉམས་གསོ་ལས་གཞི་ཕལ་ཆེར་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127647867_16260927195861n.jpg

འདི་ནི་ཟླ7པའི་ཚེས12ཉིན་པར་བླངས་བའི་བླ་བྲང་དགོན་པ་རེད།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2012ལོར་ལས་མགོ་ཚུགས་པའི་བླ་བྲང་དགོན་གྱི་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་གཞི་མིག་སྔར་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པ་རེད། ཐེངས་འདིའི་སྲུང་སྐྱོང་ཉམས་གསོའི་ལས་གཞི་ནི་བླ་བྲང་དགོན་བཙུགས་ནས་ལོ་ངོ300ལྷག་འགོར་བའི་རིང་གི་གཞི་ཁྱོན་ཆེ་བའི་སྤྱི་ཡོངས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཐེངས་དང་པོ་ཡིན་ཞིང་། རྙིང་པ་སོར་བཞག་གི་རྩ་དོན་ལྟར། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4ལྷག་བཏང་བ་དེ་ལྷ་ཁང་གི་གཙོ་གཞི་འཛུགས་སྐྲུན་དང་། སྣུམ་རྒྱན་ཚོན་བྲིས། ལྡེབས་རིས། གློག་ལམ་གློག་སྒྲོན་བསྒྱུར་བཀོད། བདེ་འཇགས་སྲུང་སྐྱོབ། མེ་ཟོན་དང་དེ་མིན་ཡུལ་སྐོར་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད་པ་དང་། ལེགས་འགྲུབ་བྱུང་བའི་རྣམ་གྲངས་སྐོར་ཞིག་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། བྱམས་པ་ལྷ་ཁང་དང་འཇམ་དབྱངས་ལྷ་ཁང་སོགས་ཚུད་པའི་ཉམས་གསོ་བྱས་པའི་ལྷ་ཁང14ཡིས་རྒྱལ་ཁབ་རིག་དངོས་གཙོ་གཉེར་སྡེ་ཁག་གི་ཞིབ་བཤེར་རྩིས་ལེན་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། 

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་པའི་བླ་བྲང་དགོན་དེ1709ལོར་བསྐྲུན་པ་དང་། 1982ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་པ་རེད།  །

1127647867_16260927196211n.jpg

200000.jpg

པར་འདི་ནི་ཟླ7པའི་ཚེས12ཉིན་པར་བླངས་བའི་བླ་བྲང་དགོན་པ་རེད།

3.jpg

པར་འདི་ནི་བླ་བྲང་དགོན་གྱི་གུང་ཐང་མཆོད་རྟེན་རེད།

4.jpg

པར་འདི་ནི་ཉམས་གསོ་བྱས་ཟིན་པའི་བླ་བྲང་དགོན་གྱི་བཟོ་སྐྲུན་རེད།

5.jpg

6.jpg

7.jpg

8.jpg

9.jpg

པར་འདི་ནི་ཟླ7པའི་ཚེས12ཉིན་ཡུལ་སྐོར་བས་བླ་བྲང་དགོན་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།