ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་ཆེན་དཀྱུས་མའི་དངོས་གཞི་ཚན་ཁག་གི་དུས་སྐབསAརིམ་པར་སློབ་མ3519བསྡུ་ལེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས10ཉིན་ཀན་སུའུ་ཞིང་ཆེན་སློབ་གསོ་རྒྱུགས་སྤྲོད་ཁང་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་མཐོ་རིམ་དཀྱུས་མའི་དངོས་གཞི་ཚན་ཁག་གི་དུས་སྐབསAརིམ་པའི་སློབ་བསྡུའི་བྱ་བ་མཇུག་སྒྲིལ་བ་དང་། བསྡོམས་པས་སློབ་མ3519བསྡུ་ལེན་བྱས།

དུས་སྐབསAརིམ་པའི་སློབ་བསྡུའི་རྒྱུགས་སྤྲོད་སློབ་མའི་ཁྲོད། རྩིས་ཚན་རིགས་ཀྱི་སློབ་མ2657དང་རིག་ཚན་རིགས་ཀྱི་སློབ་མ862། ལུས་རྩལ་རིགས་ཀྱི་སློབ་མ233། དབང་བོ་སྐྱོན་ཅན་གྱི་དམིགས་གཏད་སློབ་མ26བཅས་བསྡུ་ལེན་བྱས།

དུས་སྐབས་འདིའིི་ཁྲོད། ཕུལ་བྱུང་དགེ་རྒན་ཆེད་དམིགས་འཆར་འགོད་ད་ལོར་ཐོག་མར་ལག་བསྟར་བྱས་ཤིང་། དངོས་གཞི་དཀྱུས་མའི་སློབ་བསྡུའི་འཆར་འགོད་ཁྲོད་དབུས་ནུབ་རྒྱུད་ཀྱི་འཕེལ་རྒྱས་དལ་བའི་ས་ཁུལ་ལ་ཁ་གཏད་དེ། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པ་རྒྱ་བསྐྱེད་དང་སྲ་བརྟན་དུ་གཏོང་བར་དམིགས་ནས། 2021ལོའི་དབུས་ནུབ་རྒྱུད་ཀྱི་འཕེལ་རྒྱས་དལ་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་དམིགས་གཏད་གསོ་སྦྱོང་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད། ད་ལོར་པེ་ཅིང་དགེ་ཐོན་སློབ་ཆེན་དང་བྱང་ཤར་དགེ་ཐོན་སློབ་ཆེན། ཧྭ་ཀྲུང་དགེ་ཐོན་སློབ་ཆེན། ལྷོ་ནུབ་སློབ་ཆེན། ཧྲའན་ཞི་དགེ་ཐོན་སློབ་ཆེན་བཅས་པུའུ་ཁོངས་གཏོགས་ཀྱི་སློབ་ཆེན5དང་། ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་དགེ་ཐོན་སློབ་ཆེན། ཐེན་ཧྲོས་དགེ་ཐོན་སློབ་ཆེན་བཅས་ཀྱིས་ཀན་སུའུ་ཞིང་ཆེན་དུ་སློབ་མ343བསྡུ་ལེན་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།