ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་ཀན་སུའུ་ཡིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར4500གཏོང་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས6ཉིན་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་འབྲེལ་ཡོད་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཀན་སུའུ་ཞིང་ཆེན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་4500ཟིན་རྒྱུ་རེད། 2025ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་རིམ་པ་དང་པོའི་གཞུང་ལམ་སྐྲུན་པའི་ལམ་ཐག་སྤྱི་ལེ8000ཡན་ཟིན་རྒྱུ་དང་། གཞི་ཁྱོན་ཅུང་ཆེ་བའི་མི་འབོར་རང་བྱུང་གྲོང་ཚོ30ཡན་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ། དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་ཐང11ཟིན་པ། ཞིང་ཆེན་དེ་ཡོངས་སུ་མཁའ་ལམ་ཤར་གཏོང་ཐུབ་པའི་རིམ་པའི་གྲུ་ལམ་སྤྱི་ལེ600ཟིན་ནས“བདེ་འཇགས་བློས་འགེལ་ཆོག་པ་དང་། སྟབས་བདེ་ཤར་བགྲོད། དཔལ་འབྱོར་ཕན་ཆེ། བློ་གྲོས་ལྗང་མདོག”བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་ཆགས་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་ཀན་སུའུ་ཞིང་ཆེན་གྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི15.5957ཟིན་པའི(རང་བྱུང་གྲོང་ཚོའི་ཚོགས་ཆུང་ལམ་ཚུད་མེད་པ)རྒྱལ་ཡོངས་ཀྱི་ཨང18པར་སླེབས་ནས་གཞུང་ལམ་གྱི་སྤྱིའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་སྟོད་རྒྱུད་ཀྱི་ཆུ་ཚད་ལ་སླེབས་ཡོད། དེའི་ནང་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་སྤྱི་ལེ4183ཟིན་པ་དང་རྒྱལ་ཡོངས་ཀྱི་ཨང14པར་སླེབས་པ་དང་། རྒྱལ་ལམ་དཀྱུས་མ་སྤྱི་ལེ9498ཟིན་ནས་རྒྱལ་ཡོངས་ཀྱི་ཨང11པར་སླེབས། ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ་ཁྲི1.78ཟིན་པ་དང་རྒྱལ་ཡོངས་ཀྱི་ཨང8པར་སླེབས་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི12.4927ཟིན་ནས་རྒྱལ་ཡོངས་ཀྱི་ཨང18པར་སླེབས་ཡོད། མྱུར་བགྲོད་གཞུང་ལམ་སྤྱི་ལེ5072ཟིན་པ་དང་རྒྱལ་ཡོངས་ཀྱི་ཨང18པར་སླེབས་ཡོད། ཕིང་ཐེན་སོགས་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་མིང་གྲལ་དེ་སླར་ཡང་མདུན་གྲལ་དུ་སླེབས་ནས་རྒྱལ་ཡོངས་ཀྱི་ཨང17པར་གྱུར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དེ་གཞི་རྩའི་ཆ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པར་བྱེད་པའི་རྨང་གཞིའི་སྟེང་མདུན་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་ནས་མི་དམངས་མང་ཚོགས་རྣམས་ཕྱི་རོལ་དུ་སྐྱོད་པར་སྟབས་བདེ་སྐྲུན་པ་དང་བློ་བདེ་བག་ཕེབས་པར་ཁག་ཐེག་བྱས་པ་རེད།   ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།