ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་རྩིས་སྤྲོད་བྱེད་པའི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས25ཉིན་བར་དུ། ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ14དང་། ལན་ཀྲོའུ་ཁུལ་གསར། ཞིང་ཆེན་རིམ་པ་དེ་བཅས་ཀྱིས་ཕྱོགས་ཡོངས་ནས2021ལོའི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་གྱི་ལེགས་སྒྲིག་རྩིས་སྤྲོད་བྱ་བ་ཡོངས་སུ་ལེགས་འགྲུབ་བྱས། ཐེངས་འདིའི་རྒན་གསོ་དངུལ་ལེགས་སྒྲིག་བྱས་པར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་རེར་ཟླ་རེར་ཆ་སྙོམས་སུ་སྒོར139རེ་ཇེ་མང་དུ་སོང་བ་དང་། ཞིང་ཆེན་ཡོངས་ཀྱི་ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་རེར་ཟླ་རེར་སྒོར178རེ་ཇེ་མང་དུ་སོང་ཡོད།

རྒྱུས་ལོན་པ་ལྟར་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་རིང་ལ། ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་འཁྱུར་ངལ་གསོ་མི་སྣས་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ཕྲེང་སྟར་ལག་ལེན་བྱ་འགུལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཐེངས་འདིའི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱེད་པ་དེ་འགན་སྲུང་མཐོར་འདེགས་དང་དམངས་འཚོ་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བཞག་ནས། རྒྱལ་ཁབ་ཀྱིས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་ལེགས་སྒྲིག་བྱེད་པའི་གཅིག་གྱུར་བླང་བྱ་ལྟར། ཀན་སུའུ་ཞིང་ཆེན་གྱི་དཔལ་འབྱོར་འཕར་ཚད་དང་ལས་ཐོག་མི་སྣའི་ཟླ་ཕོགས། དངོས་ཟོག་རིན་གོང་གི་གཡོ་འགུལ་བཅས་དང་ཟུང་འབྲེལ་བྱས་པ་བརྒྱུད། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣས་གནས་ཚུལ་ལ་སྤྱི་འདོམས་བྱས་ཏེ། ཀན་སུའུ་ཞིང་ཆེན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་གྱི་ལེགས་སྒྲིག་ཇུས་གཞི་གཏན་འབེབས་བྱས་ལ། ལས་དོན་ལས་ཁུངས་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་དངུལ་གྱི་ཆུ་ཚད་གཅིག་གྱུར་བཀོད་སྒྲིག་དང་དུས་མཉམ་དུ་ལེགས་སྒྲིག་བྱས་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།