ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་སྣུམ་ཚོན་རི་མོ་ལྷན་ཚོགས་དངོས་སུ་བཙུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་སྟོབས་ཆེན་ཞིང་ཆེན་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རོགས་འདེགས་བྱ་ཆེད། ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་གིས་ཆོག་མཆན་སྤྲད་པ་བརྒྱུད། ཀན་སུའུ་ཞིང་ཆེན་སྣུམ་ཚོན་རི་མོ་ལྷན་ཚོགས་དངོས་སུ་བཙུགས་པ་མ་ཟད་སྐབས་དང་པོའི་ཚོགས་མིའི་འཐུས་མི་ཚོགས་ཆེན་བསྡུས་པ་རེད།

ཀན་སུའུ་ཞིང་ཆེན་གྱི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པས། ཀྲུང་གོའི་མཛེས་རྩལ་གསར་སྐྲུན་དང་ཞིབ་འཇུག་ཐད་ལ་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་སྣ་མང་གི་རང་བྱུང་ཐོན་ཁུངས་འདོན་སྤྲོད་བྱས་ཡོད། ཀན་སུའུ་ཞིང་ཆེན་སྣུམ་ཚོན་རི་མོ་ལྷན་ཚོགས་ཀྱིས་སྣ་མང་འཆམ་མཐུན་དང་སྒོ་འབྱེད་ཁོང་ཡངས། རིག་གཞུང་བརྩི་བཀུར། བདེན་ཐོག་དངོས་བརྩོན་བཅས་ཀྱི་དགོངས་དོན་གཞིར་བཟུང་། ཀན་སུའུ་ཞིང་ཆེན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བེད་སྤྱོད་གངས་ལེགས་བྱས་ཏེ། རྨ་ཆུའི་རིག་གནས་དང་ཏུན་ཧོང་རིག་གནས། རྨ་ནུབ་རིག་གནས། རྒྱང་སྐྱོད་རིག་གནས། མི་རིགས་རིག་གནས། ཡུལ་ཕྱོགས་རིག་གནས་སོགས་བརྗོད་དོན་གཙོ་བོའི་གསར་རྩོམ་བཟོ་འགོད་སྤེལ་ནས། སྤུས་ཀ་ལེགས་པ་དང་ཆུ་ཚད་ལྡན་པ། རིན་ཐང་ཡོད་པ། ཤུགས་རྐྱེན་ཆེ་བའི་སྣུམ་ཚོན་རི་མོ་འགྲེམ་སྟོན་རྩ་འཛུགས་བྱེད་པ་དང་། བརྗོད་གཞི་གསལ་ལ་ཀུན་སྤྱོད་ལྡན་པ། བརྩེ་སེམས་ཆེ་བའི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་འོས་སྦྱོར་དང་། ཕྱོགས་ཡོངས་ནས་ཀན་སུའུ་ཡི་སྣུམ་ཚོན་རི་མོའི་སྒྱུ་རྩལ་གྱི་ཆུ་ཚད་དང་ཤུགས་རྐྱེན་མཐོར་འདེགས་དང་ཇེ་ཆེར་བཏང་ནས་ཀན་སུའུ་ཡི་སྣུམ་ཚོན་རི་མོའི་རྣམ་པ་གསར་བ་བསྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།