མཛེས་ཆས་སྤྲས་པའི་བྲག་སྒམ་ནང་སྔར་བས་མཛེས་སྡུག་ལྡན།

བྱེའུ་འཇོལ་མོས་དཔྱིད་དཔལ་བསུ།

མར་གད་ཞུན་མས་རི་ལུང་ཁེབས།

མི་ཡུལ་གྱི་དག་ཞིང་།

མཛེས་སྡུག་ཡིད་དུ་འོང་བའི་བྲག་སྒམ་ནང་།

640 (3).jpg               

མཇལ་འཛོམས་རེ་རེ་ནི་རྙེད་པར་དཀའ་པའི་ལས་དབང་ཡིན་ལ། ལྗང་མདོག་རེ་རེས་འཛུམ་ཞལ་མཚོན་ཞིང་། ཕྱིར་བལྟས་རེ་རེས་མངོན་མེན་ཀྱི་བརྩེ་སེམས་མཚོན་ཡོད། འཛའ་ཚོན་གྱི་ཁ་མདོག་རེ་རེ་ནི་བག་ལ་ཉར་པའི་གཤོག་པ་དེ་ཡིན། ཕ་ཡུལ་གྱི་དྲོད་ཁོལ་མི་འདོར། ཕ་ཡུལ་དྲན་པའི་འདུན་པ་མི་བརྗེད། ཕ་ཡུལ་གྱི་རྩམ་དྲི་འཛིན་སྐྱོང་བྱས་ཏེ་བྲག་སྒམ་ནང་གསར་པ་བསྐྲུན། དྭངས་གཙང་དྲི་མེད། གཡའ་དག་མཛེས་སྡུག་གི་རྣམ་པས་ཡུལ་སོ་སོའི་སྤུན་ཟླ་མིང་སྲིང་བསུ།

640 (4).jpg

640 (5).jpg

བྲག་སྒམ་ནང་ཡུལ་སྐོར་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དམག་འཐབ་ནི་ཐེ་བོ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ཀྱི་གོམ་པ་ཇེ་མགྱོགས་སུ་གཏོང་པའི་སྲིད་ཇུས་གལ་ཆེན་ཞིག་ཡིན། དེ་ནི་གྲོང་གསེབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་མཚོན་ལ། དུད་ཁྱིམ་ཁྲི་སྟོང་གི་ཁེ་ཕན་མཚོན་པའི་དོན་བཟང་ཞིག་ཡིན་པར་མ་ཟད། དེས་རྫོང་མི་དམངས་ཀུན་གྱི་ཐུན་མོང་གི་རེ་འདུན་མཚོན་ཡོད། ཉིན་འདི་དག་གི་རིང་ལ། ཐེ་བོ་རྫོང་གི་མི་ཀུན་ཀྱིས་དེའི་དོན་དུ་ཧུར་བརྩོན་བྱེད་བཞིན་ཡོད་ལ། འཛམ་གླིང་སྟེང་མིང་དུ་གྲགས་པའི་བྲག་སྒམ་ནང་འཛུགས་སྐྲུན་བྱེད་པའི་ཆེད་དུ། རང་ནུས་ཅི་ཡོད་སྒོས་རང་གི་ནུས་བའི་སྟོབས་ཤུགས་འབུལ་བཞིན་ཡོད། མིག་སྔར་བྲག་སྒམ་ནང་ཡུལ་སྐོར་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དམག་འཐབ་ལ་གཞི་རྩའི་སྟེང་ནས་རྒྱལ་ཁ་ཐོབ་ཡོད།

640 (6).jpg

640 (7).jpg

640 (8).jpg

640 (9).jpg

བྲག་སྒམ་ནང་དུ་རྩྭ་དང་རྩི་ཤིང་ཚང་མ་མཛེས་ལྗོངས་ཡིན་པ་དང་། མི་དང་མིའི་བར་བརྩེ་སེམས་ཀྱིས་ཁེངས་ཡོད། ཐེ་བོ་རྫོང་གིས་བྲག་སྒམ་ནང་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དམག་འཐབ་གོ་སྐབས་སུ་བཟུང་སྟེ་མུ་མཐུད་མྱུར་ཚད་དམ་འཛིན་དང་སྤུས་ཚད་དམ་འཛིན་གྱིས་ལས་རྣམ་དམ་འཛིན་དང་རིམ་སྤོར་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད། དར་རྒྱས་ལ་སྐུལ་མ་བཅས་བཏང་སྟེ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་མཆོག་འཛིན་འདུ་ཤེས་དང་མཛེས་སྡུག་ལྡན་པའི་འཚོ་བའི་བདེ་སྣང་དང་ལྗང་མདོག་ཁྱིམ་གཞིས་ཀྱི་གཏོགས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།