ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུའི་ཞིང་བ་རྣམས་གྲོ་འབྲེག་པའི་ལས་ལ་བྲེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5c1970ba-e8b5-46c4-b2d2-3e56d5b91739_batchwm.jpg

6de6fb71-f7b2-4efb-a153-dd0bde40c0fa_batchwm.jpg

གོང་གི་པར་ནི་གྲོ་འབྲེག་པའི་ལས་ལ་བྲེལ་བཞིན་པའི་ཞིང་བ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་འབྲུག་ཆུ་འགྲམ་རྒྱུད་ཀྱི་ཞིང་བ་རྣམས་གྲོ་འབྲེག་བའི་ལས་ལ་བྲེལ་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ་འབྲུག་ཆུ་རྫོང་གིས་མུ་མཐུད་དུ་ཞིང་ལས་ལག་རྩལ་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་སུ་བཏང་ཞིང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྫས་སྦྱོར་ལུད་རྒྱག་དང་། ནད་འབུ་གནོད་འཚེ་ལྗང་མདོག་སྔོན་འགོག་ཚོད་འཛིན་སོགས་ཧུར་ཐག་གིས་ཁྱབ་གདལ་བཏང་བ་མ་ཟད། སྤུས་ལེགས་གྲོ་ཡི་ས་བོན་ནང་འདྲེན་བྱས་པ་དང་། ཞིང་དུད་ཀྱིས་ཞིང་སར་དོ་དམ་དང་ནད་འབུ་སྔོན་འགོག་ལས་དོན་ལ་མཛུབ་སྟོན་གང་ལེགས་བྱས་པས། གྲོ་འདེབས་འཛུགས་ཀྱི་ཚན་རྩལ་འདུས་ཚད་ཀྱི་ཆུ་ཚད་ལ་ཕན་འབྲས་ཐོབ་ནས་དབྱར་གྲོ་བསྡུ་བའི་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་ཡག་པོ་བྱས། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།