ཀན་སུའུ་ཞིང་ཆེན་གྱིས་དམིགས་བསལ་ལས་གནས་འཆར་གཞི་ལ་དགེ་རྒན5500གདན་ཞུ་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། ཀན་སུའུ་ཞིང་ཆེན་གྱིས་སྤྱི་བསྒྲགས་སྤེལ་ནས་ཞིང་ཆེན་ཡོངས་ཀྱིས་འཆར་གཞི་ལྟར་ན་དམིགས་བསལ་ལས་གནས་འཆར་གཞི་ལ་དགེ་རྒན5500གདན་ཞུ་བྱ་རྒྱུ་ཡིན་པ་དང་། གདན་ཞུའི་དུས་ཡུན་ལོ3ཡིན། 

མིང་ཐོ་འགོད་པར་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་དེ། རྒྱུགས་སྤྲོད་མཁན་གྱིས་དྲ་ཐོག་ནས་ཆ་འཕྲིན་ཐོ་འགོད་བྱེད་དགོས་ལ། ཐོ་འགོད་འགྲོ་གྲོན་མེད་པར་བཟོས་ཡོད། ཐོ་འགོད་སྙན་ཞུ་དུས་ཚོད་ནི2021ལོའི་ཟླ6པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ6པའི་ཚེས25ཉིན་གྱི་ཆུ་ཚོད18བར་ཡིན། ཐོ་འགོད་བྱེད་མཁན་གྱིས་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་དྲ་ཚིགསhttp://www.rst.gansu.gov.cn/)སུ་འཛུལ་ནས་ཐོ་འགོད་བྱེད་དགོས་ལ། བྱེ་བྲག་གི་ཆ་རྐྱེན་དག་ཀྱང་དྲ་ཚིགས་བརྒྱུད་ནས་རྩད་འདྲི་བྱས་ཆོག རྒྱུགས་སྤྲོད་ཆོག་འཐུས་དཔང་ཡིག་དཔར་བའི་དུས་ཚོད་ནི2021ལོའི་ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད9བ་ནས་ཟླ7པའི་ཚེས17ཉིན་གྱི་ཆུ་ཚོད9བའི་བར་ཡིན།

ཡིག་རྒྱུགས་ཀྱི་དུས་ཚོད་ནི། སྤྱི་བའི་རྨང་གཞི་ཤེས་བྱའི་ཚད་ལེན་ཚོད་ལྟ་ནི2021ལོའི་ཟླ7པའི་ཚེས17ཉིན་གྱི་ཆུ་ཚོད9བ་ནས11པའི་བར་ཡིན། ཆེད་ལས་རྨང་གཞི་ཤེས་བྱའི་ཚད་ལེན་ཚོད་ལྟ་ནི2021ལོའི་ཟླ7པའི་ཚེས17ཉིན་གྱི་ཕྱི་དྲོའི་ཆུ་ཚོད14པ་ནསཆུ་ཚོད16དང་སྐར་མ30བར་ཡིན། རྒྱུགས་སྤྲོད་མཁན་གྱིས་ཟླ7པའི་ཚེས30ཉིན་ཡས་མས་ལ་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་དྲ་ཚིགས་སུ་རྒྱུགས་འབྲས་ལ་བལྟས་ཆོག །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།