ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་མཁར་གྲོང་སྡོད་དམངས་ཀྱི་ཞིང་ཆེན་རིམ་པའི་རྒན་གསོ་དངུལ་ཇེ་མཐོར་བཏང་བའི་རྩིས་སྤྲོད་ལས་དོན་སྔ་མོ་ནས་ལེགས་འགྲུབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གི《2021ལོར་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོའི་དངུལ་གྱི་མ་མཐའི་ཚད་གཞི་ཇེ་མཐོ་རུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》གྱི་དགོངས་དོན་ལྟར། ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མགྱོགས་མྱུར་སྒོས་བཀོད་སྒྲིག་བྱས་པ་བརྒྱུད། མཁར་གྲོང་སྡོད་དམངས་ཀྱི་ཞིང་ཆེན་རིམ་པའི་རྒན་གསོ་དངུལ་ཇེ་མང་དུ་བཏང་བའི་རྩིས་སྤྲོད་ལས་དོན་སྔ་མོ་ནས་ལེགས་འགྲུབ་བྱས།

ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དམངས་ཀྱི་ཆེན་དུ་དོན་དངོས་བསྒྲུབ་རྒྱུ་གཙོ་རྐང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྡོད་དམངས་ཀྱི་རྒན་གསོ་འགན་བཅོལ་གྱི་ཁྱབ་ཁོངས་སྔར་ལས་ཇེ་ཆེར་བཏང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་ནས། འགན་བཅོལ་ནང་ཞུགས་པའི་སྡོད་དམངས་ཀྱིས་དབུལ་ཐར་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་ཁག་ཐེག་བྱས་པ་མ་ཟད། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་པ་དང་དེ་བས་ཏན་ཏིག་གི་སྤྱོད་ཚུལ་སྤྱད་དེ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ལས་དུས་སྣོན་པ། སྔར་ཡོད་མི་སྣའི་ཆ་འཕྲིན་གྱི་རྨང་གཞིའི་སྟེང་སླར་ཡང་ཞིབ་བསྡུར་བྱས་ཏེ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཞིབ་བཤེར་ལས་དོན་དང་མཐིལ་རྟོགས་དང་ཞིབ་རྩིས་ལས་དོན་ལ་ཞིབ་བཤེར་བྱས། སྡེ་བ་དང་དུད་ཚང་དུ་བསྐྱོད་དེ་སྒོ་རྩར་ཞབས་འདེགས་ཞུས་པ་བརྒྱུད་ཁུལ་ཡོངས་ཀྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་སྡོད་དམངས་ཀྱི་ཞིང་ཆེན་རིམ་པའི་གཞི་རྩའི་རྒན་གསོའི་དངུལ་ད་ལྟ་རྩིས་སྤྲོད་བྱས་ཟིན་པ་དང་། ཟླ5པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་མཁར་གྲོང་གི་སྡོད་དམངས་ཀྱི་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོའི་དངུལ་རྩིས་སྤྲོད་བྱས་པའི་མི་གྲངས་ལ76513སླེབས་པ་དང་མ་དངུལ་སྒོར་ཁྲི190.9886ཟིན་ཡོད།

དེའི་ཁྲོད2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་དངུལ་སྔར་ཡོད་ཀྱི་རྫོང་དང་གྲོང་ཁྱེར་གྱི་ཁ་གསབ་སྒོར10ཡི་རྨང་གཞིའི་སྟེང་སྒོར10རེ་ཁ་སྣོན་བྱས། ཚད་གཞི་ཇེ་མཐོར་བཏང་རྗེས་ཀྱི་གཙོད་གྲོང་ཁྱེར་གྱི་མཁར་གྲོང་སྡོད་དམངས་གཞིའི་རྩའི་རྒན་གསོའི་དངུལ་གྱི་མ་མཐའི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར133ཡོད། དེ་དང་ཆབས་ཅིག་འགན་བཅོལ་ནང་ཞུགས་པར་ཁྲིད་སྟོན་གང་ལེགས་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ནས་འགན་བཅོལ་ནང་ཞུགས་མཁན་རྣམས་རྒས་དུས་འཚོ་རྟེན་ཡོད་པའི་ཁག་ཐེག་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།