ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིང་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེ་བོ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་སྡེའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བར་དམིགས་ཏེ། ཞིང་སྡེ་རྩ་འཛུགས་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་དང་ཞིང་སྡེའི་སྤྱི་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས། ཞིང་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་བཏང་།

ཤང་གིས་སྡེ་བར་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། 《ཐེ་བོ་རྗོང་གིས་རྫོང་གི་འགོ་ཁྲིད་ཚོགས་པ་དང་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱེད་པའི་ལོ་འཁོར་དཔྱད་ཞིབ་བྱ་ཐབས》སོགས་གཏན་འབེབས་བྱས་ཏེ། “ཏང་འཛུགས+”བྱ་བའི་འདུ་ཤེས་བརྟན་པོ་བཙུགས་ནས། ཞིང་སྡེའི་ཏང་གི་རྩ་འཛུགས་ཀྱིས་རིམས་འགོག་ཚོད་འཛིན་བྱ་བར་ཟུང་འབྲེལ་གྱིས། “གནོད་མེད་ལྔ་ཡི་ཀན་ལྷོ”གསར་འཛུགས་དང་གཞི་རིམ་བཅོས་སྐྱོང་སོགས་བྱ་བར་སྐུལ་འདེད་བཏང་ནས། ཏང་འཛུགས་བྱ་བ་དང་ཞིང་སྡེ་བཅོས་སྐྱོང་ནུས་ལྡན་སྒོས་མཉམ་འདྲེས་བྱེད་པའི་རིག་ལམ་གསར་བ་འཚོལ་ཞིབ་བྱས་ཏེ། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་དགེ་མཚན་དང་མང་ཚོགས་བྱ་བའི་དགེ་མཚན་དེ་ཞིང་སྡེ་འཕེལ་རྒྱས་ཀྱི་བབ་བཟང་དུ་བསྒྱུར།
    གཞི་རིམ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་བཙུགས་པ། རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་གཏོང་བ་གཅིགས་སུ་བཟུང་ནས། ཏང་ཡོན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་དབུལ་སྐྱོར་ཉེན་སྐྱོབ་ལ་སྣེ་ཁྲིད་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཁྲོད་དུ་གདོང་ལེན་མིག་དཔེ་ཡི་ནུས་པ་བཏོན།
    རྨང་གཞིའི་འགན་ལེན་བྱེད་ཤུགས་དྲག་ཏུ་བཏང་བ། 2019ལོ་ནས་བཟུང་ཀྲུང་དབྱང་གིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དང་དར་རྒྱས་གཏོང་བའི་ལས་གཞིའི་མ་དངུལ་སྒོར་ཁྲི1500བརྩོན་ལེན་བྱས་ནས། སྡེ་བ30ལ་ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས། སྡེ་བ་རིམ་པའི་འཕེལ་རྒྱས་རྨང་གཞི་བརྟན་དུ་བཏང་བ་མ་ཟད། 《ཐེ་བོ་རྫོང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཆེད་བསྐོས་ཧྲུའུ་ཅུའི་དོ་དམ་དང་དཔྱད་ཞིབ་བྱ་ཐབས (ཚོད་ལྟ)》སོགས་གཏན་འབེབས་བྱས།
    “དྲ་མིག་ཅན”གྱི་བཅོས་སྐྱོང་རྣམ་པ་སྐྲུན་པ། ཞིང་སྡེ་དར་རྒྱས་དང་རིམས་འགོག་ཚོད་འཛིན། གཏན་འཇགས་སྲུང་སྐྱོང་སོགས་བྱ་བ་གཙོ་བོར་དམིགས་ནས། “ཏང་ཀྲི་པུ+དྲ་མིག་ཅན +ཁྱིམ་བཅུའི་མཉམ་འགོག”གི་རྣམ་པ་རྒྱུན་འཁྱོངས་བྱས་ནས། གཞུང་ཕྱོགས་ལ་རིམ་པ་བཞི་འཕྲེད་ཕྱོགས་སུNསྣོན་པའི་དྲ་མིག་རྩ་འཛུགས་ཀྱི་མ་ལག་ཆགས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།