ཀྲུང་གོ་བོད་ཀྱི་དྲ་བ།

​ཀླུ་ཆུ་རྫོང་གིས“གནོད་མེད་ལྔ་ཡི་ཀན་ལྷོ”གསར་སྐྲུན་བྱེད་པའི་གོ་སྐབས་ལ་བརྟེན་ནས་དྭངས་གཙང་གི་སློབ་གྲྭའི་ཁོར་ཡུག་བསྐྲུན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀླུ་ཆུ་རྫོང་གི་སློབ་གསོའི་འཐབ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས“གནོད་མེད་ལྔ་ཡི་ཀན་ལྷོ”གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། མགྱོགས་མྱུར་སྒོས“གནོད་མེད་ལྔ་ཡི་སློབ་ར”དང“ཡོད་པ་བཅུ་དང་མེད་པ་བཅུ”ཡི་སློབ་ར་གསར་འཛུགས་ཀྱི་བྱ་འགུལ་སྤེལ་བས། “གནོད་མེད་ལྔ་ཡི་ཀན་ལྷོ”གསར་སྐྲུན་གྱི་སྣེ་ཁྲིད་མཁན་ནམ་གཙོ་ཤུགས་སུ་གྱུར་ཡོད།     

ཧུར་ཐག་སྒོས་དང་ལེན་དང་ཁོར་ཡུག་སྲུང་སྐྱོང་གི་དར་སྤེལ་མཁན་བྱེད་པ། རྫོང་ཡོངས་ཀྱི་སློབ་གསོའི་མ་ལག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། “གནོད་མེད་ལྔ་ཡི་ཀན་ལྷོ”གསར་སྐྲུན་གྱི་སྤྱིའི་རིག་ལམ་ཁ་གསལ་བོ་དང་། ཞིབ་ཕྲའི་འཆར་གཞི་དང་དོན་འཁྱོལ་བྱ་ཐབས་བཀོད་སྒྲིག་བྱས་ནས། “གནོད་མེད་ལྔ་ཡི་ཀན་ལྷོ”གསར་སྐྲུན་བྱེད་པའི་རྨང་གཞིའི་སྟེང་དུ། སློབ་གྲྭའི་དོན་དངོས་གནས་ཚུལ་དང་བསྟུན་པའི་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་དང་གད་སྙིགས་སོགས་རིགས་དབྱེ་བྱས།    

རང་འགུལ་གྱིས་ལས་ལ་བརྩོན་ཞིང་ཁོར་ཡུག་གཙང་སྦྲའི་སྔོན་སྐྱོད་པ་བྱེད་པ། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོས“གནོད་མེད་ལྔ་ཡི་སློབ་ར”གསར་འཛུགས་བྱེད་པར་ཤུགས་བསྣན་ནས། ཁོར་སྲུང་ཤེས་བྱ་འཆད་ཁྲིད་དང་ལག་བྲིས་ཚགས་པར། ནག་པང་ཚགས་པར། སྒེའུ་ཁུང་འགྲེམ་པང་དང་སྐེ་དར་དམར་པོའི་རྒྱང་བསྒྲགས་ཁང་དང་དགེ་སློབ་དང་ཁྱིམ་བདག་ཡོངས་ལ་སྐུར་བའི་འཕྲིན་ཡིག་ཅིག་སོགས་ཀྱི་རྣམ་པ་སྤྱད་དེ། ཕྱོགས་ཡོངས་ནས་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཡ་རབས་གུས་སྲོལ་གྱི་བྱང་ཚད་མཐོར་འདེགས་སུ་བཏང་ནས། “གནོད་མེད་ལྔ་ཡི་སློབ་ར”གསར་འཛུགས་བྱེད་པར་རང་ཉིད་ནས་འགོ་བརྩམས་ཏེ་གད་སྙིགས་རིགས་དབྱེ་དང་འགྱིག་ཤོག་གཏན་འགོག་བྱས།     

ཚང་མས་མཉམ་སྒྲུབ་དང་ཁོར་ཡུག་གཙང་སྦྲའི་སྐུལ་འདེད་མཁན་བྱས་པ། ཁྱོན་ཡོངས་ནས“གནོད་མེད་ལྔ་ཡི་ཀན་ལྷོ”དང“གནོད་མེད་ལྔ་ཡི་སློབ་ར”“ཡོད་པ་བཅུ་དང་མེད་པ་བཅུའི་སློབ་ར”གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་འགོ་བརྩམས་པ་ནས་བཟུང་། སློབ་རའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཧུར་ཐག་གིས་ལྗང་མདོག་ཡ་རབས་ཀྱི“མཛེས་སྡུག་གི་སློབ་ར”དང“དྭངས་གཙང་གི་སློབ་གསོ་སྤེལ་ཡུལ”གསར་སྐྲུན་བྱས། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོས“གནོད་མེད་ལྔ་ཡི་ཀན་ལྷོ་གསར་འཛུགས་བྱ་བ་དེ། རང་ཉིད་ནས་འགོ་བརྩམ་དགོས”ཞེས་པའི་ཁོར་ཡུག་སྲུང་སྐྱོང་གཙང་སྦྲའི་བྱ་འགུལ་སྤེལ་ཏེ། སློབ་གསེང་གི་བྱ་འགུལ་དང་སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་བརྒྱུད། རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་ལག་ལ་ཕྱགས་མ་དང་ལག་ཕྱིས་ཁྱེར་ནས་སློབ་རའི་ཕྱི་ནང་ཡོངས་གཙང་སྦྲ་བྱས་ཤིང་། རྒྱབ་ཏུ་ཁུག་མ་ཁུར་ཞིང་ལག་ཏུ་ལྕགས་ཐུར་ཁྱེར་ནས། ཆུ་ལམ་དང་རྒྱལ་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས།    “གནོད་མེད་ལྔ་ཡི་ཀན་ལྷོ”དང“གནོད་མེད་ལྔ་ཡི་སློབ་ར”གསར་འཛུགས་བྱ་འགུལ་གྱིས་དགེ་སློབ་ཡོངས་ཀྱི་ལས་ཀའི་ཁོར་ཡུག་དང་སློབ་སྦྱོང་བྱེད་ཡུལ་ལ་བཀྲག་མདངས་སྤྲས་ཤིང་། མཛེས་སྡུག་གི་ཀླུ་ཆུའང་ལྗང་མདོག་དར་རྒྱས་ལ་གསོན་ཤུགས་གསར་བ་སྤྲད།།    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།