​ཀན་ལྷོ་ཁུལ་གྱིས་ཐེངས་བཅོ་བརྒྱད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་མགོ་ཚུགས་པའི་མཛད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས18ཉིན་ལ། ཀན་ལྷོ་ཁུལ་གྱི་ཐེངས་བཅོ་བརྒྱད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་སྤེལ་མགོ་ཚུགས་པའི་མཛད་སྒོ་གཙོས་གྲོང་ཁྱེར་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་སྤེལ།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་བྱ་འགུལ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཝང་ཁེ་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།   

ཁུལ་གྱི་འགོ་ཁྲིད་པ་བཀྲ་ཤིས་འཚོ་དང་རིན་ཆེན་དོན་གྲུབ། དབྱང་ཝུའུ། ལིའུ་ཡུང་ཀོ ཧྥུན་ཞའོ་ལིན། སྒྲོལ་མ་སྐྱབས་སོགས་མགོ་ཚུགས་པའི་མཛད་སྒོར་ཞུགས།    

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲན་ལིའང་གིས་མགོ་ཚུགས་པའི་མཛད་སྒོའི་གཙོ་འགན་ཁུར།     

མགོ་ཚུགས་པའི་མཛད་སྒོའི་ཐོག ཡུས་ཁྲིན་ཧུའེ་དང་ཝང་ཁེ་ཕིང་གིས་མཉམ་དུ་ཀན་ལྷོ་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེས་པ་དང་། ཚོགས་ཞུགས་འགོ་ཁྲིད་ཀྱིས་ཀན་ལྷོ་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་གཞི་ས་དང་ཞིབ་འཇུག་གཞི་ས། གསོ་སྦྱོང་གཞི་སའི་སྒོ་བྱང་བསྩལ།    

ཝང་ཁེ་ཕིང་གིས་ཀན་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་གཙོ་གནད་ས་ཁུལ་ཡིན་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་ཁྲོད་གོ་གནས་གལ་ཆེན་བཟུང་བ་དང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀན་སུའུ་རུ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ཏུ་བརྩིས་ནས་དམ་འཛིན་ནན་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་ལས་འགན་དང་བླང་བྱ་སོ་སོ་དམ་འཛིན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་པ་དང་། དགེ་མཚན་འདོན་སྤེལ་དང་ཁྱད་ཆོས་མངོན་པའི་ཐད་དུ་བསམ་བློ་སྔར་ལས་མང་བོ་གཏོང་བ་དང་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གཏིང་ཟབ་ཏུ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བཏོད་དེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་དམངས་ཕྱུག་ཀན་སུའུ་དར་བའི་རྣམ་པ་གསར་བ་གཏོད་ཆེད་ཀན་ལྷོས་བྱས་རྗེས་འཇོག་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན།    

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཝུའུ་ཡིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ”ཞེས་པ་བརྗོད་དོན་གཙོ་བོར་ཡིན་པ་དང་། “རྨ་ཆུའི་བཞུར་རྒྱུད་ནས་ཀླུ་ཆུའི་བཞུར་རྒྱུད་བར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་རིམ་སྤོར”གྱི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རིགས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་དང་དྲིལ་བསྒྲགས་ཀྱི་གཙོ་གནད་ལ་རྩེ་གཅིག་ཏུ་དམིགས་ནས། དྲིལ་བསྒྲགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ། ཐེངས་བཅོ་བརྒྱད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་གོ་སྐབས་སུ་བཟུང་ནས་སྙིང་སྟོབས་ཆེར་བསྐྱེད་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།    

མགོ་ཚུགས་པའི་མཛད་སྒོའི་རྗེས་སུ། ཚོགས་ཞུགས་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་དང་། བྱ་འགུལ་གྱི་ཡུལ་དངོས་སུ་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་དང་སྣ་སོ་སོའི་མི་རིགས་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་བྱ་འགུལ་སྤེལ།།  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།