ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་མི་གྲངས་བསྡོམས་པས25019831ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཐེངས་བདུན་པའི་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་གཞི་གྲངས་ཀྱི་མཇུག་འབྲས་ཁྲོད་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་མི་གྲངས་བསྡོམས་པས25019831ཡོད་པ་དང་། རྒྱལ་ཡོངས་ཀྱི་མི་གྲངས་ཀྱི1.77%ཟིན་པ་དང་། དེ2010ལོའི་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་དང་བསྡུར་ན་བརྒྱ་ཆའི་ཚེག0.14མར་ཆག་ཡོད།

མི་གྲངས་ཀྱི་ཕོ་མོའི་གྲུབ་ཚུལ་ཕྱོགས་ནས་བལྟས་ན། ཀན་སུའུ་ཞིང་ཆེན་གྱི་ཕོ་ཡི་མི་གྲངས50.76%ཟིན་པ་དང་། མོ་ཡི་མི་གྲངས49.24%ཟིན། ཕོ་མོའི་དབྱེ་བའི་བསྡུར་ཚད་ནི103.10ཡིན།

ས་གནས་མི་གྲངས་ཀྱི་ལོ་ཚོད་གྲུབ་ཚུལ་ཕྱོགས་ནས་བལྟས་ན་ཀན་སུའུ་ཞིང་ཆེན་གྱི་ལོ14མན་གྱི་མི་གྲངས19.40%ཟིན་པ་དང་། ལོ15ནས་ལོ59བར་གྱི་མི་གྲངས63.57%ཟིན་ལ། ལོ60དང་དེ་ཡན་གྱི་མི་གྲངས63.57%ཟིན། དེའི་ཁྲོད་ལོ65ཡན་གྱི་མི་གྲངས12.58%ཟིན།

ཆ་སྙོམས་སུ་སློབ་གསོ་ཐོབ་པའི་ལོ་ཚོད་ཕྱོགས་ནས་བལྟས་ན། ཀན་སུའུ་ཡི་མི་ཁྲི10རེ་ཡི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས14506ཡོད་པ་དང་། མི་ཁྲི10རེ་ཡི་ཁྲོད་མཐོ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས12937ཡོད། མི་ཁྲི10རེ་ཡི་ཁྲོད་དམའ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས27423ཡོད། མི་ཁྲི10རེ་ཡི་ཁྲོད་སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས29808ཡོད། དེའི་ཁྲོད་ལོ15དང་དེ་ཡན་གྱི་མི་གྲངས་ཀྱིས་ཆ་སྙོམས་སུ་སློབ་གསོ་ཐོབ་པའི་ལོ་ཚོད9.13ཡིན་པ་དང་། དེ2010ལོའི་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་དང་བསྡུར་ན་ལོ0.94ཇེ་མང་དུ་སོང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།